དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རང་ལྗོངས་ཀྱི་ས་གནས་ཁག་གི་ཚོང་གཉེར་ཁེ་ལས་གཅིག་རྗེས་གཉིས་མཐུད་ངང་སླར་གསོ་བྱུང་བ་དང་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་ལས་འགོ་ཚུཌ་པ།

    ལས་འགོ་བསྐྱར་ཚུགས་དུང་བརྡ་གྲགས། ནུས་ཤུགས་ཡོད་རྒུས་ལས་ལ་བརྩོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-06

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ཁྲོམ་གཞུང་ཆེ་ཆུང་ཁག་རིམ་བཞིན་འཁྲུག་ཆ་དོད་དུ་སོང་བ་དང་། ཟ་ཁང་དང་། སྐྲ་བཞར་ཁང་། ཞོར་ཟས་ཚོང་ཁང་སོགས་གཅིག་རྗེས་གཉིས་མཐུད་ངང་ལས་གཉེར་བྱེད་འགོ་ཚུགས་པ། རྣམ་གྲངས་ཆེ་གྲས་ཁག་གི་ཨར་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་གྱི་ལྡིར་སྒྲས་ཁེངས་ནས་ལས་ཐོན་བསྐྱར་ཚུགས་ཀྱི་ཚ་རླབས་རིམ་གྱིས་འཕྱུར།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཆི་ཁྲེ་མེ་ཏོག་ལྡུམ་རའི་བྲོ་ལྡན་ཅའོ་ཙེ་ཟ་ཁང་དེ་མ་གཞི་རྒྱ་ཁྱོན་ཆེན་པོ་མེད་མོད། འོན་ཀྱང་ཅའོ་ཙེའི་བྲོ་བ་ཞིམ་ལ་འབོར་ཡང་མང་པོ་ཡོད་པས་སྐུ་མགྲོན་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེར་བརྟེན་སྦྱིན་བདག་ཀྲའོ་ལགས་ཆབ་མདོར་ལོག་ནས་ཚོང་གཉེར་བྱེད་འགོ་བཙུགས་བཙུགས་མ་ཐག་སྐུ་མགྲོན་རྙིང་པ་མང་པོ་ཞིག་སླར་ཡང་ཅའོ་ཙེའི་བྲོ་བ་མྱང་བར་སླེབས་ཡོད།

    སྦྱིན་བདག་ཀྲའོ་ལགས་དང་འདྲ་བར་ཚོང་ཁང་མང་པོ་ཞིག་གི་སྦྱིན་བདག་ལོ་གསར་བཏང་རྗེས་སླར་ཡང་ཆབ་མདོར་ཡོང་ཞིང་། ཁོང་ཚོ་ཚང་མས་ལོ་གསར་པར་ཚོང་སྔར་ལས་ཡག་པ་ཡོང་བའི་རེ་བ་ཆེན་པོ་བྱེད་བཞིན་མཆིས།

    དུས་ཚིགས་དང་པོ་ནི་ལོ་ཧྲིལ་པོའི་འཕེལ་རྒྱས་དམིགས་ཚད་མངོན་འགྱུར་ཡོང་བའི་འགག་རྩའི་དུས་སྐབས་ཤིག་རེད། ཆབ་མདོ་ཁུལ་གསར་དོ་དམ་ཨུ་ལྷན་གྱིས་དངོས་ཚན་ཁེ་ལས་100ལྷག་ཙམ་དང་འཛུགས་སྐྲུན་རྣམ་གྲངས་11ལ་དོ་དམ་བྱེད་བཞིན་ཡོད། དུས་ཆེན་རྗེས་ཀྱི་ཁེ་ལས་དང་རྣམ་གྲངས་བདེ་བླག་ངང་ལས་ཐོན་བསྐྱར་ཚུགས་ཡོང་བའི་འགན་ལེན་བྱ་ཆེད། ཆབ་མདོ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ལས་དོན་མི་སྣས་འདྲི་རྩད་དང་བརྟག་ཞིབ་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་ཧུར་ཐག་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་2024ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་གཉེར་བ་དང་། ཐོན་ལས་རྣམ་གྲངས་ནས་དམངས་འཚོའི་ལེ་ལག་ཚང་བའི་འདུ་འགོད་བར་རྨང་གཞིའི་སྒྲིག་བཀོད་དང་། སློབ་གསོ་སྨན་བཅོས། གྲོང་གསེབ་དར་རྒྱས། སྤྱི་ཚོགས་བྱ་གཞག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད།

    2024ལོའི་དམིགས་ཚད་ལས་འགན་ལ་དམིགས་ནས། མལ་གྲོ་གུང་དཀར་རྫོང་གིས་རྣམ་གྲངས་དམ་འཛིན་དང་། མ་འཇོག་ལ་སྐུལ་སྤེལ། བརྟན་པོའི་ངང་འཕར་བ་བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར་43.59བཏང་སྟེ་གཙོ་གནད་རྣམ་གྲངས་61ལས་འགོ་ཚུགས་པ་དང་། སྲིད་གཞུང་གིས་ལོ་འཁོར་མོར་མ་དངུལ་སྒོར་དུང་ཕྱུར་8.37བཏང་བའི་གསར་སྐྲུན་རྣམ་གྲངས་40དང་མཇུག་མཐུད་རྣམ་གྲངས་9ལ་མགྱོགས་མྱུར་སྐུལ་འདེད་བཏང་བ། ཁེ་ལས་ཀྱིས་ལོ་འཁོར་མོར་ཁྱོན་མ་དངུལ་སྒོར་དུང་ཕྱུར་35.22བཏང་བའི་རྣམ་གྲངས་12ལ་ཞབས་འདེགས་ཡག་པོ་ཞུས་ནས་དུས་ཚིགས་དང་པོར་ནུས་ཤུགས་ཡོད་རྒུས་འབད་འཐབ་བྱེད་པ་དང“འགོ་ཚུགས་བཀྲ་ཤིས”ཡོང་བར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

    དུས་ཆེན་རྗེས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་བྱང་ཤང་གིས་བདེ་འཇགས་འགན་འཁྲི་ཆེ་རུ་བཏང་ནས《ཤག་བྱང་ཤང་གི་དུས་ཆེན་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་སྤྱོད་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་ཏེ། འགན་འཁྲི་ཁ་གསལ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ་དུས་ཆེན་རྗེས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་སླར་ཡར་མི་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱས་པ་དང་། “ཉེན་རྟོག་དང་ས་ཆ་མཉམ་འདྲེས”ཀྱི་ལམ་སྲོལ་ལ་བརྟེན་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་འབྱུང་རྩ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་བསལ་བ།“དྲ་ཐོག+དྲ་མིན”གྱི་དྲིལ་བསྒྲགས་བྱེད་སྟངས་དང་ཟུང་འབྲེལ་བྱས་ཏེ་འཕྲལ་སྡོམ་རླུང་འཕྲིན་དང་སྐད་འཕྲིན་ཚོགས་པ་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་ཐུང་བསྐུར་བ་དང་། དྲིལ་བསྒྲགས་བརྡ་ཁྱབ་སྦྱར་བ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ཡོད།

    མངའ་རིས་ས་ཁུལ་གྱི་ལས་ཐོན་བསྐྱར་ཚུགས་ཁེ་ལས་ཀྱི་གློག་སྤྱོད་འགན་ལེན་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་ཆེད། རྒྱལ་ཁབ་གློག་དྲ་མངའ་རིས་གློག་འདོན་ཀུང་སིས“དོ་དམ་རྣམ་པའི”གློག་མཁོ་འདོན་ཞབས་ཞུ་ཁྱབ་གདལ་ཧུར་ཐག་བཏང་བ་རེད། ས་ཁུལ་གྱི་ལས་འགོ་བསྐྱར་ཚུགས་ཁེ་ལས་ལ་ཕྱོགས་ཡོངས་ནས་རྗེས་འདེད་ཞབས་འདེགས་ཞུ་ཆེད། ས་ཁུལ་ནང་ཁུལ་གྱི་ཁེ་ལས་ལས་འགོ་བསྐྱར་ཚུགས་ཀྱི་གནས་ཚུལ་རང་འགུལ་ངང་ཤེས་རྟོགས་བྱེད་པ་དང་། ཁ་པར་གྱི་འདྲི་རྩད་ཞབས་ཞུ་དང་སྒོ་རྩར་བསྐྱོད་ནས་གློག་སྤྱོད་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་ལས་འགོ་བསྐྱར་ཚུགས་ཁེ་ལས་ཀྱིས་གློག་སྤྱོད་སྒྲིག་ཆས་ཀྱི་བདེ་འཇགས་ལ་ཞིབ་བཤེར་བྱེད་རོགས་བྱས་ཡོད། དེ་དང་ཆབས་ཅིག “མེད་པ་གསུམ”དང“གྲོན་ཆུང་གསུམ”གྱི་ཞབས་འདེགས་ཞུ་སྟངས་མུ་མཐུད་དོན་འཁྱོལ་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གློག་གི་འགྲོ་ལུགས་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ་དང་། ལས་འགོ་བསྐྱར་ཚུགས་ཁེ་ལས་ལ་གློག་གི་འགྲོ་ལུགས་གཉེར་བའི“ཐོགས་མེད་བགྲོད་ལམ”ཤར་གཏོང་བྱེད་པ། སྤྱོད་དུད་ཀྱིས་དྲ་ཐོག་ནས་གློག་གི་ལས་སྒོ་གཉེར་བའི་རེ་ཞུར་ཁྲིད་སྟོན་བྱེད་པ། གློག་གི་འགྲོ་ལུགས་གཉེར་བའི་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་དང་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་བཅས་བྱས་ནས་མགྱོགས་མྱུར་འཁོར་སྐྱོད་དང་ཕན་འབྲས་ཐོན་པར་བྱས་པ། ཁེ་ལས་ཀྱི་སྤྱོད་དུད་ལ་ཁེ་ལས་ལ་ཕན་པ་ཐོབ་པའི་སྲིད་ཇུས་ཕྱོགས་སྒྲིག་བྱས་པ་དང་དྲ་ཞུགས་གློག་རིན་དང་ཕྱིར་ཚོང་གློག་རིན་ལག་བསྟར་ཚད་གཞི་གསར་ཤོས་དང་དེ་བཞིན་ས་མཐོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གློག་སྤྱོད་མ་གནས་དམའ་རུ་གཏོང་རོགས་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་ནས་ཁེ་ལས་མགྱོགས་མྱུར་ལས་ཐོན་བསྐྱར་ཚུགས་ཡོང་བར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།