དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་པད་མ་མཚོས་གསུངས་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-06

    2022ལོར《རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་ཇུས》བཀྲམ་ནས་རང་ལྗོངས་ཀྱི་བྱང་ཐང་དང་ཇོ་མོ་གླང་མ་སོགས་ས་ཁོངས་6རྒྱལ་ཁབ་སྤྱི་གླིང་གི་བར་མཐོངས་བཀོད་ཇུས་ནང་བཅུག་ཡོད། ངས་མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོམ་བུའི་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཕྱོགས་གཅིག་ནས་བྱང་ཐང་རྒྱལ་ཁབ་སྤྱི་གླིང་དེ་ངས་ལོ་ལྟར་མིའི་རིགས་རིག་པའི་ཞིང་ཐང་དུ་བརྟག་དཔྱད་བྱེད་པའི་ས་ཁོངས་སུ་གནས་པ་དང་དེ་ནི་ང་རང་མི་སྒེར་གྱིས་རིག་གཞུང་ལ་བཅངས་པའི་བརྩེ་སེམས་ཤིག་ཡིན། ཕྱོགས་གཞན་ཞིག་ནས་བརྗོད་ན། མཚོ་བོད་ས་མཐོའི་རྒྱལ་ཁབ་སྤྱི་གླིང་ཚོམ་བུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་བསྟར་ཡུལ་གལ་ཆེན་ཞིག་དང་། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ལག་ལེན་བསྟར་ཡུལ་གལ་ཆེན་ཞིག མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་ཡུལ་ཞིག་རེད། དེར་བརྟེན། མཚོ་བོད་ས་མཐོའི་མིའི་འཚོ་སྡོད་ཁོར་ཡུག་ལ་བརྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།