ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་དཔལ་གླིང་སྡེ་ཁུལ་གྱི་གཞི་རིམ་ལས་བྱེད་པ་ལྷག་སྒྲོན་གྱིས་གསུངས་དོན།
དུས་བདེ་ནི“དམངས་ཀྱི་རེ་འདུན”ཡིན་ལ། ཁྲོམ་གཞུང་གི་ལས་བྱེད་པའི“སེམས་ཁྲལ་བྱེད་ས”ཡང་ཡིན། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི“ཚན་པ་ཆུང་ཤོས”ཤིག་ཡིན་པའི་ངོས་ནས་སྡེ་ཁུལ་གྱི་ལས་ཀ་ཙག་ཙིག་རྣམས་ཧ་ཅང་གལ་ཆེན་ཞིག་རེད། སྡེ་ཁུལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་དྲ་མིག་གི་ནུས་པ་གང་ལེགས་བཏོན་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་དྲ་མིག་ཅན་གྱི་བཅོས་སྐྱོང་ལས་དོན་དང་ཟུང་འབྲེལ་གྱིས་དྲ་དཔོན་དང་། དྲ་མིག་པ། དང་བླངས་པ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་གསར་བརྗེའི་སྟོབས་ཤུགས་ཚན་པ་ཆུང་ཤོས་སུ་ཁྱབ་པར་བྱེད་པ་དང་། “བཅད་ཁ་ཆུང་ངུར”བརྟེན་ནས་དམངས་འཚོ་ཆེན་པོར་ཞབས་འདེགས་ཞུས་ཏེ་མི་དམངས་ཀྱི་མང་ཚོགས་ཚོར་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་ཏན་ཏིག་གཏོང་ཐུབ་པ་བྱེད་ཀྱི་ཡིན།