དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་འཚོག་ལ་ཉེ་བའི་སྐབས་སུ་བྲིས་པ།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་2000ལྷག་ཙམ་རྒྱལ་ས་པེ་ཅིང་དུ་འཛོམས་ནས་རྒྱལ་ཇུས་མཉམ་གྲོས་བྱ་རྒྱུ་རེད།
2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཡིན་ཞིང་། ལོ་དེར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་དང་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།
2023ལོ་ནི་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པས་འགན་འཁྲི་སྒྲུབ་པའི་ལོ་དང་པོའང་རེད། ལོ་གཅིག་རིང་། མི་དམངས་སྲིད་གྲོས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་གང་ལེགས་འདོན་པ། ལྟེ་བའི་ལས་དོན་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་དང་། གྲོས་མོལ་སྲིད་གླེང་། དམངས་གཙོའི་ལྟ་སྐུལ་བཅས་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་དུས་རབས་གསར་པའི་ཀྲུང་གོའི་དམངས་གཙོ་ཆབ་སྲིད་ལ་བཀྲག་མདངས་འཚེར་ས་བསྣན་ཡོད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་དང་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་མཛུབ་ཁྲིད་དགོངས་པ་ཞིག་རེད།
ལོ་གཅིག་རིང་། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཉིད་སྲིད་གྲོས་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ལ་བརྩི་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དེ་ཕྱོགས་ཁག་གི་ལས་དོན་གྱི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ལ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ནང་སེམས་ལ་འཇགས་པ། གཞན་སྒྱུར་བཅས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལག་ལེན་ནང་དོན་འཁྱོལ་ཏན་ཏིག་བྱས་ཡོད།
“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ”ནས“ཚན་རྩལ་གསར་གཏོད་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་མགྱོགས་མྱུར་ལག་བསྟར་བྱེད་པའི”བར་དང་དེ་ནས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”བར། འདས་ཟིན་པའི་ལོ་གཅིག་ནང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་གྲོས་གཞིས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་པ་དང་གྲོས་མོལ་ཁྲོད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད།
ལོ་གཅིག་རིང་། མི་དམངས་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གྲོས་མོལ་སྲིད་གླེང་གི་ལས་དོན་སྤེལ་ཡོད། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྒྲིག་འཛུགས་བྱས་ནས་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་གྱིས་གྲོས་མོལ་སྲིད་གླེང་གི་བྱེད་སྒོ་གལ་ཆེན་ཚང་མའི་ཐོག་གནང་བའི་གསུང་བཤད་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་དཀྲོལ་དང་རྒྱས་བཤད་བྱས་པ་མ་ཟད། ཏང་ཀྲུང་དབྱང་གི་འབྲེལ་ཡོད་ཡིག་ཆ་དང་ཐབས་ཇུས་བཀོད་སྒྲིག་གི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། གྲོས་འཆར་ཇུས་འགོད་ལ་ཁ་ཕྱོགས་རང་བཞིན་གྱི་ཁྲིད་སྟོན་བྱས་ནས་བླང་བྱ་ཁ་གསལ་བཏོན་ཡོད། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་ཨུ་ཡོན་སྒྲིག་འཛུགས་དང་སྣེ་ཁྲིད་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མ་ལག་ལ་ཞིབ་འཇུག་གཏིང་ཟབ་དང་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཕུན་སུམ་ཚོགས་པོའི་ངང་འཕེལ་རྒྱས་འགྲོ་བར་སྲིད་གྲོས་ཀྱི་ལེགས་སྐྱེས་ཕུལ་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ལ“ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་བྱེད་དགོས་པའི”བླང་བྱ་བཏོན་གནང་ཞིང་། མི་དམངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཆེ་ཤོས་སུ་བརྩི་བ་དང་། དཔལ་འབྱོར་འཛུགས་སྐྲུན་གྱི་ལྟེ་བའི་ལས་དོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གལ་ཆེན་དེར་དམིགས་ཏེ་སྲིད་དོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ། གྲོས་མོལ་བྱེད་སྒོ་ཇུས་འགོད་དང་སྒྲིག་འཛུགས་ནན་ཏན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། སྤུས་ཚད་མཐོ་བའི་ཇུས་འབུལ་གྱི་གྲུབ་འབྲས་ཆགས་པར་བཅས་བྱས་ནས་འབད་འབུངས་ཆེན་པོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་བྱས་རྗེས་གསར་པ་འཇོག་པ་དང་སྟོབས་ཤུགས་གསར་པ་སྐྱེས་སུ་ཕུལ་ཡོད།
མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པས། མཐུན་སྒྲིལ་བྱས་ན་གཞི་ནས་རྒྱལ་ཁ་ཐོབ་ཐུབ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པར་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཚོས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས།
མཐུན་སྒྲིལ་ལ་སྣང་ཆེན་དང་མཐུན་སྒྲིལ་གཙོ་བོར་བཟུང་བ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་རྒྱ་ཁྱབ་བྱ་རྒྱུ་དེ་ལས་འགན་སྒྲུབ་པའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ལྷག་བསམ་ཟོལ་མེད་ངང་གྲོས་མོལ་གཏིང་ཟབ་བྱེད་པའི་ཁྲོད་མོས་སེམས་ཟབ་ཏུ་གཏོང་བ་དང་། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཡོད།
ཕུགས་འདུན་མཉམ་གཏོད་རྒྱང་ལམ་གསར་པར་སྐྱོད། དམངས་སེམས་གཅིག་མཐུན་རྣམ་པ་གསར་པ་གཏོད། མི་དམངས་སྲིད་གྲོས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཆེས་རྒྱ་ཆེའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཀུན་སེམས་གཅིག་ཏུ་སྒྲིལ་བ། མཐུན་སྒྲིལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། འབད་འཐབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་ཐུན་མོང་ཐོག་རྩོམ་དགོས།