དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་ཧྲུའུ་ཞན་གྱིས་གྲངས་གཞིའི་བདེ་འཇགས་ལ་དོ་ཁུར་བྱས་ནས་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་ཞེས་བརྗོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-04

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲེན་ཧྲུའུ་ཞན་ནི་ཧྲེན་ཀྲེན་གྲོང་ཁྱེར་སང་ཏ་སྐུད་མེད་འཕྲིན་གཏོང་ཚན་རྩལ་ཚད་ཡོད་ཀུང་སིའི་སྐུད་མེད་མཉེན་ཆས་ཚོད་ལྟ་ཚོགས་ཆུང་གི་ལག་རྩལ་གྱི་གཙོ་འགན་འཁུར་མཁན་ཞིག་རེད།

    2023ལོར་ཁྲེན་ཧྲུའུ་ཞན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཤིང་། འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་ཁྲེན་ཧྲུའུ་ཞན་གྱིས་རང་འཁྲིའི་ལས་ཀ་སྒྲུབ་པ་ཕུད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་བྱེད་སྒོར་རྟག་ཏུ་ཞུགས་པ་མ་ཟད། ཁེ་ལས་སུ་སྐྱོད་པ་དང་གཞི་རིམ་ལ་བརྟག་ཞིབ་གནང་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་ནུས་མཐོ་རུ་གཏོང་གི་ཡོད།

    འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་མིག་སྔར་རང་རྒྱལ་གྱིས་གསོག་འཇོག་བྱས་པའི་ཕུན་སུམ་ཚོགས་པའི་གྲངས་གཞིའི་ཐོན་ཁུངས་ལ་དམིགས་ཏེ་ཁྲེན་ཧྲུའུ་ཞན་གྱིས་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལམ་ལུགས་ལམ་སྲོལ་འཛུགས་སྐྱོང་དང་དེ་བཞིན་རང་རྒྱལ་གྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ་སོགས་ཀྱི་གྲོས་འགོ་གྲ་སྒྲིག་གནང་ཡོད།

    འདི་ནི་ཧྲེན་ཀྲེན་གྲོང་ཁྱེར་སང་ཏ་སྐུད་མེད་འཕྲིན་གཏོང་ལག་རྩལ་ཚད་ཡོད་ཀུང་སི་ནས་པར་བླངས་པའི་ཁྲེན་ཧྲུའུ་ཞན་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།