དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེགས་ཆ་མཉམ་སྤྱོད་བྱེད། (སྨད་ཆ)

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-03-04

    ཟླ་1ཚེས་25ཉིན། ཐེ་ལན་གྱི་རྒྱལ་སྤྱིའི་ཡུལ་སྐོར་འགྲེམས་སྟོན་སྐབས་ལྟ་སྐོར་བས་ཀྲུང་གོའི་ཤོག་དྲས་རི་མོ་ཉམས་ལེན་བྱེད་བཞིན་པ། གསར་འགོད་པ་པའེ་ཡོན་ཆི་ཡིས་པར་བརྒྱབ།

    ཟླ་2ཚེས་3ཉིན། པར་ཙིར་གྱི་དམངས་ཚོགས་ཀྱིས་ལེ་ཤི་ཕུའི་དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་སྤེལ་ཡུལ་དུ་ལག་བཟོས་འབྲུག་མགོ་བཟོ་སྟངས་ཉམས་ལེན་བྱེད་བཞིན་པ། གསར་འགོད་པ་ཁྲེན་ཧའེ་ཆི་ཡིས་པར་བརྒྱབ།

    ཟླ་1ཚེས་30ཉིན། སར་པི་ཡའི་ནུའོ་ཝུའེ་ས་ཏེར་བུད་མེད་གཅིག་གིས“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོའི་འགྲེམས་པང་གི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ། གསར་འགོད་པ་ཤེ་ཡ་ཧུང་གིས་པར་བརྒྱབ།

    ཟླ་2ཚེས་3ཉིན། ཧིན་རྡུ་ཉི་ཞི་ཡའི་ཚུའེ་པེ་ཁཱ་ཐང་ཆེན་དུ་མི་རྣམས་ཀྱིས་སེང་རྩེད་རྩེད་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུ་བཞིན་པ། གསར་འགོད་པ་ཚའོ་ཧྲེ་ཡུན་གྱིས་པར་བརྒྱབ།

    མི་རྣམས་ཀྱིས་ངོ་མཚར་ཆེ་བའི་བྱེད་སྒོར་རེ་སྒུག་བྱེད་པ།

    འདི་ག་ཚགས་པར་གྱི་གསར་འགོད་པ།

    ཟླ་2ཚེས་3ཉིན། ཕ་རི་སིའི་ཀྲུང་གོའི་རིག་གནས་ལྟེ་གནས་ལ་མཛེས་རྒྱན་སྤྲས་ནས། “ལྟེ་གནས་སུ་བསྐྱོད་ནས་ལོ་གསར་གཏོང་བའི”བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཀྲུང་གོའི་རིག་གནས་ལ་དགའ་པོ་ཡོད་མཁན་མང་པོ་ཞིག་གིས་གཟབ་མཆོར་ལེགས་པར་སྤྲས་པ་དང་། ཁོང་ཚོས་རྒྱ་ཆས་ཐང་རྒྱལ་རབས་ཀྱི་གྱོན་ཆས་གྱོན་ཏེ་དཔྱིད་གསར་དུས་ཆེན་ལ་མཐོང་ཧ་ཅང་ཆེན་པོ་བྱེད་ལུགས་བརྒྱུད་སྤྲོད་བྱེད་ཀྱི་ཡོད།

    འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་དང་ཀྲུང་ཧྥའི་རིག་གནས་ཡུལ་སྐོར་ལོ་ཡིན་པ་རེད། དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ཁག་ལ་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་ཡོད་པས་ཧྥ་རན་སེའི་དམངས་ཚོགས་ལ་བརྗེད་པར་དཀའ་བའི་དཔྱིད་གསར་གྱི་རྣམ་པ་བཟང་པོ་ཞིག་བཞག་ཡོད།

    རྒན་ཡོལ་ཞུས་པའི་ལུའོ་ནེ་ནི་ལྟེ་གནས་ཀྱི་སློབ་མ་རྒན་གྲས་ཤིག་ཡིན་པ་དང་ལུའོ་ནེས“ཀྲུང་ཧྭའི་རིག་གནས་ལ་དགའ་པོ་བྱེད་མཁན་ཧྥ་རན་སེ་བ་ཞིག་གི་ངོས་ནས་བརྗོད་ན་འདི་ལོ་མི་རྣམས་ཀྱིས་ངོ་མཚར་ཆེ་བའི་བྱེད་སྒོར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད།

    “ཆེན་པོ་ཆགས་རྗེས་ཀྲུང་གོར་ལྟ་བར་འགྲོ་གི་ཡིན”

    འདི་ག་ཚགས་པར་གྱི་གསར་འགོད་པ། ཀོན་ཁེ་ཅང་།

    ཟླ་2ཚེས་1ཉིན། སོ་ཏི་ཨ་རབ་ཀྱི་རིག་ལྡན་ཕོ་བྲང་གི་རྒྱ་ཡིག་སློབ་གསོའི་སློབ་གླིང་ཅི་ཏ་སློབ་གླིང་དུ་ལྒང་བཞུ་སྣ་ཚོགས་བཀལ་ཞིང་། རྒྱ་ཡིག་ལ་དགའ་པོ་བྱེད་མཁན་ཁག་གཅིག་གིས་དེ་གར་དཔྱིད་གསར་དུས་ཆེན་མྱོང་རོལ་བྱེད་བཞིན་ཡོད་པ་རེད། ལོ་11ལ་སླེབས་པའི་པའེ་ཏེས“ངས་ལོ་འཁོར་བཅུ་གཉིས་ཀྱི་ནང་དོན་ཤེས་ཀྱི་ཡོད། འབྲུག་ནི་ཀྲུང་གོའི་རིག་གནས་ཁྲོད་སྟོབས་ཤུགས་དང་རླུང་རྟ་འཕེལ་ལུགས་མཚོན་གྱི་ཡོད”ཅེས་བཤད། རྒྱ་ཡིག“ཧྥུའུ”འབྲི་སྟངས་སྦྱོང་བཞིན་པའི་ཨའེ་ལི་ཡིས“ངའི་སྤོ་བོ་ལགས་དང་པཱ་ལགས་གཉིས་ཀྲུང་གོར་སྐྱོད་མྱོང་ཡོད་པས་ཁོང་གཉིས་ཀྱིས་ཀྲུང་གོའི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག་ཅེས་གསུང་གི་འདུག ང་ཆེན་པོ་ཆགས་རྗེས་ཀྲུང་གོར་ལྟ་བར་འགྲོ་གི་ཡིན”ཞེས་བཤད།

    ཨ་པི་ལཱ་ནི་2023ལོའི“རྒྱ་སྐད་སྦྲེལ་ཟམ”གྱི་འཛམ་གླིང་སློབ་ཆེན་སློབ་མའི་རྒྱ་ཡིག་འགྲན་བསྡུར་སོ་ཏི་ཨ་རབ་འགྲན་ཁུལ་གྱི་ཨང་དང་པོ་ཡིན་ཞིང་། ཁོང་གིས་ཀྲུང་གོའི་རིག་གནས་སྦྱངས་པ་བརྒྱུད་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་བྱུང་། ཨ་ཀྲུང་དབར་གྱི་རིག་གནས་སྤེལ་རེས་དེ་རང་ཉིད་ཀྱི་འབྱུང་འགྱུར་བྱ་གཞག་ལ་བརྩིས་ནས་སོ་ཏི་ཨ་རབ་ཀྱི་མི་དམངས་དང་ཀྲུང་གོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    “དཔྱིད་གསར་དུས་ཆེན་གཏོང་བའི་གོ་སྐབས་དེ་བས་ མང་བ་ཡོང་བའི་རེ་བ་ཡོད”

    འདི་ག་ཚགས་པར་གྱི་གསར་འགོད་པ། ཤེ་ཡ་ཧུང་།

    ས་གནས་དེ་གའི་ལྟད་མོ་བ་ཐེ་ཨའོ་ཏོ་ལཱ·པན་ཁོ་ཝུའེ་ཆིས་ཁྲང་ཞི་ལྟ་ཐེངས་དང་པོ་ཡིན་མོད། འོན་ཀྱང་སྒྱུ་རྩལ་གྱི་རྣམ་པ་དེ་རིགས་ལ་རྒྱུས་མངའ་ཆེན་པོ་ཡོད། “འཁྲབ་ཚན་དེ་དག་གི་བྱུང་རིམ་ནང་དོན་ཧ་ཅང་ཡག་པོ་འདུག་པས་ངས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཤེས་རྟོགས་བྱེད་པར་རོགས་རམ་ཐོབ་བྱུང”ཞེས་བཤད། པན་ཁོ་ཝུའེ་ཆིས་ཉེ་བའི་ལོ་ཤས་རིང་ནོ་ཝུའེ་ས་ཏེར་ཀྲུང་གོའི་གཞི་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད། “ད་རེས་ནི་ང་སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོར་ཞུགས་ཐེངས་དང་པོ་ཡིན་པས་དཔྱིད་གསར་དུས་ཆེན་གཏོང་བའི་གོ་སྐབས་དེ་བས་མང་བ་རག་པའི་རེ་བ་ཡོད”ཅེས་བཤད།

    པེར་ཀེ་ལེ་ཏེའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཡན་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2024ལོར་སར་པི་ཡའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་སར་པི་ཡའི་གྲོང་ཁྱེར་4རུ་སྤེལ་ནས་ཀྲུང་གོའི་མི་རིགས་ཀྱི་རོལ་དབྱངས་དང་། མངོན་མིན་རིག་གནས་ཤུལ་བཞག ས་གནས་ཀྱི་སྲོལ་རྒྱུན་རིག་གནས་བཅས་ངོམ་སྟོན་བྱས་ཏེ་ས་གནས་དེ་གའི་དམངས་ཚོགས་ཀྱིས་ཐག་ཉེ་ས་ནས་སྣ་མང་ཕུན་སུམ་ཚོགས་པའི་ཀྲུང་གོའི་རིག་གནས་མྱོང་རོལ་ཐུབ་པར་བྱས་ཡོད།

    “རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བསམ་བློའི་སྤེལ་རེས་ལ་སྐུལ་འདེད་གཏོང་དགོས”

    ཟླ་2ཚེས་3ཉིན་གྱི་དགོང་མོར། པར་ཙིར་གྱི་བྱང་ཤར་རྒྱུད་ཀྱི་གྲོང་ཁྱེར་ལེ་ཤི་ཕུ་ཡི་སྐད་གྲགས་ཆེ་བའི་གནས་རྟགས་ཏེ། ལྕམ་ལིན་ཏུའུ་སྤྱི་གླིང་ཐང་ཆེན་དུ་གློག་འོད་ཆེམ་ཆེམ་འཕྲོ་ཞིང་། ངོ་མཚར་ཆེ་བའི་དཔྱིད་གསར་དུས་ཆེན་གྱི་གློག་འོད་ངོམ་སྟོན་འགོ་ཚུགས་པ་རེད། གསེར་འབྲུག་གིས་དཔྱིད་གསར་བསུ་བརྗོད་དོན་གཙོ་བོར་བྱས་པའི་འགོ་ཚུགས་ཞབས་བྲོ་ལས་དེ་གར་ཡོད་པའི་ལྟད་མོ་བ་4000ལྷག་ཙམ་གྱི་སྤྲོ་སེམས་འཕེལ་བར་བྱས་པ་རེད། དེ་རྗེས་ཀྲུང་གོ་དང་པར་ཙིར་གྱི་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་གྱིས་མི་རིགས་ཀྱི་ཞབས་བྲོ་དང་། ལ་ཏིང་ཞབས་བྲོ་སོགས་ངོ་མཚར་ཆེ་བའི་ལེ་ཚན་སྔ་རྗེས་སུ་འཁྲབ་སྟོན་བྱས་པ་རེད།

    པར་རྩིར་གྱི་རྩོམ་རིག་བྱ་དགའ་མཐོ་ཤོས་ཐོབ་མཁན་ལེ་ཤི་ཕུ་གྲོང་ཁྱེར་གྱི་གྲོས་དབྱི་ཡོན་གྱི་མི་ཤིས་ཏ·ཕེ་ཏེ་ལུའོ་ས་ཡིས། དཔྱིད་གསར་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ་བ་དེས་པར་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྤེལ་རེས་དང་བསམ་ཤེས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཅེས་བཤད།

    པོ་ནན་པུའུ་ཀོའི་སློབ་ཆེན་ཁུང་ཙི་སློབ་གླིང་གི་པར་ཙིར་ཕྱོགས་ཀྱི་ཡོན་ཀྲང་དབྱི་ཀེར·ལཱ་ཕུའུ་སི་ཅིས་གསར་འགོད་པར“དཔྱིད་གསར་དུས་ཆེན་གྱི་ཚོགས་མཆོད་ནི་རིག་གནས་ཀྱི་སྟོན་མོ་ཞིག་ཡིན་པ་མ་ཟད། དེས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་བསམ་བློའི་སྤེལ་རེས་ལ་དེ་བས་སྐུལ་འདེད་གཏོང་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།