དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདི་ལོ་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་275གཅིག་སྡུད་ཐོག་ལས་འགོ་བསྐྱར་དུ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-03-04

    ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་2024ལོའི་གཙོ་གནད་རྣམ་གྲངས་གཅིག་སྡུད་ཐོག་ལས་འགོ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་ནས། གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་རྣམ་གྲངས་275ལས་འགོ་བསྐྱར་ཚུགས་ཀྱི་ཁྱབ་བསྒྲགས་བྱས་པ་རེད། ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་རྣམ་གྲངས་ནི་ད་ཐེངས་ལས་འགོ་བསྐྱར་དུ་ཚུགས་པའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་33.16གཏོང་རྒྱུ་དང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་17ཟིན་གྱི་ཡོད། རྣམ་གྲངས་བསྐྲུན་རྗེས་G109གྲོང་ཁྱེར་གྱི་འགྲིམ་འགྲུལ་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དང་། འགྲིམ་འགྲུལ་གྱི་ཁྱབ་སྟངས་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱ་རྒྱུ། ཤར་བགྲོད་མཐུན་སྦྱོར་གྱི་ས་ཁོངས་འགྲིམ་འགྲུལ་དང་གྲོང་ཁྱེར་གྱི་འགྲིམ་འགྲུལ་མ་ལག་གཏོད་རྒྱུ་བཅས་རེད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར། ལྷ་ས་གྲོང་ཁྱེར་གྱིས་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་746ལག་བསྟར་བྱ་རྩིས་ཡོད་པའི་ནང་ལག་བསྟར་རིགས་ཀྱི་རྣམ་གྲངས་521གཏན་འཁེལ་བྱས་པ་དེ་དག་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད། སྐྱེ་ཁམས་ཁོར་ཡུག་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་རེད། 2024ལོར། ལྷ་ས་གྲོང་ཁྱེར་གྱིས་ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར་380ཡན་གཏོང་རྩིས་ཡོད་པའི་ནང་གཙོ་གནད་རྣམ་གྲངས་56གི་ཁྲོད་འགན་འཁྲི་གཙང་ལེན་གྱི་རྣམ་གྲངས་18དང་གཙོ་གནད་རྣམ་གྲངས་38ཀྱི་འཛུགས་སྐྲུན་ཚུད་ཡོད་པ་དང་དུས་ཚིགས་དང་པོར་ལས་འགོ་བསྐྱར་དུ་ཚུགས་པའི་རྣམ་གྲངས་275དང་ལས་འགོ་བསྐྱར་དུ་ཚུགས་ཚད་53%ཟིན་པ། སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་40ཡན་གཏོང་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།