དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ཏོ་ཅིང་ཀུལ་རྒྱུའི་ཐོན་རྫས་ཀྱིས་ཡོ་རོབ་དང་ཨ་རིའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-03

     ཀུལ་རྒྱུ་ཞེས་པ་ནི་རྫས་འགྱུར་གྱི་རྒྱུ་ཆ་ཞིག་ཡིན་པ་དང་། དེ་ལ་ཏན་ཅིང་ཀུལ་རྒྱུ་དང་ཏོ་ཅིང་ཀུལ་རྒྱུ་ཞེས་དབྱེ་བ་གཉིས་ཡོད།

     མཚོ་སྔོན་ནས་ཐོན་པའི་འོད་ཤུགས་རྒྱུ་ཆ་གལ་ཆེན་ཏོ་ཅིང་ཀུལ་རྒྱུས་ཡོ་རོབ་དང་ཨ་རིའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུ་རེད།

     ཏོ་ཅིང་ཀུལ་རྒྱུའི་རྒྱུ་ཆ་ཕྱོགས་རྐྱང་པ་ནས་ནང་འདྲེན་བྱེད་པའི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུ་རེད།

     མིག་སྔར། མཚོ་སྔོན་དུ་ཨེ་ཤེ་ཡའི་ཀུལ་རྒྱུའི་ལས་རིགས་ཀྱི་ཏོ་ཅིང་ཀུལ་རྒྱུའི་ཐོན་སྐྱེད་རྟེན་གཞི་གསུམ་ཡོད།

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་2ཚེས་22ཉིན་ཕྱི་རྒྱལ་གྱི་ཏན་ཅིང་ཀུལ་རྒྱུ་ཉོ་སྒྲུབ་ཚོང་པ་གཙོ་བོ་མཚོ་སྔོན་དུ་འབྱོར་བ་རེད། དེའང་དུས་འགོར་མཁོ་འདོན་བྱས་པའི་Nརྣམ་པའི་ཏོ་ཅིང་ཀུལ་རྒྱུའི་ཐོན་རྫས་ཀྱི་སྤུས་ཚད་ཡག་པོ་ཡོད་པས། ཁོང་ཚོ་ཨེ་ཤེ་ཡའི་ཀུལ་རྒྱུ་ལས་རིགས(མཚོ་སྔོན)མ་རྐང་ཚད་ཡོད་ཀུང་སིར་ཡོང་ནས་ཕྱིར་གཏོང་གི་མངགས་ཐོ་གསར་པ་མང་དུ་བཏང་བ་དང་འབྲེལ། འཐབ་ཇུས་ཀྱི་བརྗེད་ཐོར་མིང་རྟགས་བཀོད་དེ་ཕྱོགས་གཉིས་པོའི་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་རེད། ད་རེས་མངགས་ཐོ་མང་དུ་བཏང་བ་དེས“མཚོ་སྔོན་ནས་ཐོན་པའི”འོད་ཤུགས་རྒྱུ་ཆ་གལ་ཆེན་ཏོ་ཅིང་ཀུལ་རྒྱུས་ཡོ་རོབ་དང་ཨ་རིའི་ཁྲོམ་ར་རྒྱ་སྐྱེད་ཧུར་ཐག་གཏོང་རྒྱུ་དང་། ཀྲུང་གོ་ནས་ཐོན་པའི་ཏོ་ཅིང་ཀུལ་རྒྱུ་རྒྱལ་སྤྱི་ཅན་དུ་མགྱོགས་མྱུར་འགྱུར་རྒྱུར་གོམ་སྟབས་གལ་ཆེན་ཞིག་སྤོས་ནས། ཏོ་ཅིང་ཀུལ་རྒྱུའི་རྒྱུ་ཆ་ཕྱོགས་རྐྱང་པ་ནས་ནང་འདྲེན་བྱེད་པའི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུ་རེད།

    མིག་སྔར། མཚོ་སྔོན་དུ་ཨེ་ཤེ་ཡའི་ཀུལ་རྒྱུའི་ལས་རིགས་ཀྱི་ཏོ་ཅིང་ཀུལ་རྒྱུའི་ཐོན་སྐྱེད་རྟེན་གཞི་གསུམ་ཡོད་པ་དང་། 2023ལོར་གློག་རྡུལ་རིམ་པའི་ཏོ་ཅིང་ཀུལ་རྒྱུ་ཐོན་ཚད་ཏུན་ཁྲི་10ལས་བརྒལ་བ་དང་སྔོན་དཔག་བྱས་ན། 2024ལོར་ཐོན་འབབ་ཏུན་ཁྲི་20ཟིན་རྒྱུ་རེད། ཀུང་སིས་ལག་རྩལ་དང་སྤུས་ཚད་ཀྱི་ལེགས་ཆ་མུ་མཐུད་བཏོན་ནས། རྩེར་སོན་གྱི་Nརྣམ་པའི་ཏོ་ཅིང་ཀུལ་རྒྱུའི་ཁྲོམ་ར་བཟུང་རྒྱུ་དང་འབྲེལ། ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་ནས་རང་རྒྱལ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཐཱན་འབུད་ཉུང་གཏོང་གི་དམིགས་ཚད་ལ་ལེགས་སྐྱེས་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།