དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྲི་49.83ཡོད་པ།

    སློབ་རྒྱུས་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར་2.91ཟིན་པ་དང་ཆེད་བསྐོས་དགེ་རྒན་ཁྲི་1891ལྷག་ཙམ་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-03

    ཟླ་3ཚེས་1ཉིན། སློབ་གསོ་པུས་2023ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་ཡོངས་སུ་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་ཁྱོན་ཁྲི་49.83དང་། རིམ་པ་ཁག་དང་རིགས་ཁག་གི་སློབ་རྒྱུས་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར་2.91 ཆེད་བསྐོས་དགེ་རྒན་ཁྲི་1891.78བཅས་ཡོད་པ་རེད།

    —— སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

    སློབ་ཞུགས་གོང་གི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་91.1%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.4མཐོ་རུ་ཕྱིན་ཡོད། རྒྱལ་ཡོངས་སུ་བུ་བཅོལ་ཁང་ཁྲི་27.44ཡོད་པའི་ནང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྲི་23.64ཡོད་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.2འཕར་ཡོད། རྒྱལ་ཡོངས་སུ་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པ་ཁྲི་4092.98ཡོད་པའི་ནང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་བྱིས་པ་ཁྲི་3717.01ཡོད་པ་དེ་རྒྱལ་ཡོངས་ཀྱི་བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་བསྡུར་གྲངས་ཀྱི་90.81%བཟུང་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་1.26འཕར་ཡོད། རྒྱལ་ཡོངས་སུ་སློབ་ཞུགས་གོང་གི་སློབ་གསོའི་ཆེད་བསྐོས་དགེ་རྒན་ཁྲི་307.37ཡོད་པ་དེ་ལོ་གོང་མ་ལས་མང་དུ་ཕྱིན་ཡོད།

    —— འོས་འགན་སློབ་གསོ་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་སྔར་བས་སྐུལ་མ་ཐེབས་པ།

    ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་གཏོང་ཚད་95.7%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.2མཐོ་རུ་ཕྱིན་ཡོད། དེའི་ཁྲོད་སློབ་ཆུང་དུས་མཚམས་ལ་རྒྱལ་ཡོངས་སུ་སློབ་ཆུང་དཀྱུས་མ་ཁྱོན་ཁྲི་14.35དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་དུང་ཕྱུར་1.08ཡོད། རྒྱལ་ཡོངས་སུ་སློབ་ཆུང་དུས་མཚམས་ཀྱི་སློབ་གསོའི་ཆེད་བསྐོས་དགེ་རྒན་ཁྲི་665.63ཡོད་པ་དེ་ལོ་གོང་མ་ལས་ཁྲི་2.68འཕར་ཡོད། དམའ་རིམ་སློབ་འབྲིང་དུས་མཚམས་ལ་རྒྱལ་ཡོངས་སུ་དམའ་རིམ་སློབ་འབྲིང་ཁྱོན་ཁྲི་5.23དང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་5243.69ཡོད། རྒྱལ་ཡོངས་སུ་དམའ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ཆེད་བསྐོས་དགེ་རྒན་ཁྱོན་ཁྲི་408.31ཡོད་པ་དེ་ལོ་གོང་མ་ལས་མི་ཁྲི་5.79འཕར་ཡོད།

    —— མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གཉེར་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་པ།

    མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་91.8%ཟིན་ནས་ན་ནིང་ལས་བརྒྱ་ཆའི་གྲངས་0.2འཕར་ཡོད། རྒྱལ་ཡོངས་སུ་མཐོ་འབྲིང་དཀྱུས་མ་ཁྲི་1.54ཡོད་པ་དང་ལོ་གོང་མ་ལས་སློབ་གྲྭ་355མང་དུ་ཕྱིན་ཡོད། སློབ་མ་ཁྲི་967.8བསྡུས་པ་དེ་ལོ་གོང་མ་ལས་མི་ཁྲི་20.26མང་དུ་ཕྱིན་ནས་2.14%འཕར་ཡོད། སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་2803.63ཟིན་ནས་ལོ་གོང་མ་ལས་སློབ་མ་ཁྲི་89.75མང་དུ་ཕྱིན་ཏེ་3.31%འཕར་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མར་ཆེད་བསྐོས་དགེ་རྒན་ཁྲི་221.48ཟིན་ནས་ལོ་གོང་མ་ལས་དགེ་རྒན་ཁྲི་8.16འཕར་ཡོད།

    —— མཐོ་རིམ་སློབ་གསོའི་སློབ་ཞུགས་གོ་སྐབས་སྔར་བས་མང་དུ་ཕྱིན་པ།

    མཐོ་རིམ་སློབ་གསོར་ན་འདྲེས་སློབ་ཞུགས་བྱེད་ཚད་60.2%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.6འཕར་ཡོད། རྒྱལ་ཡོངས་སུ་མཐོ་སློབ་ཁྱོན་3074ཡོད་པ་དེ་ལོ་གོང་མ་ལས་61མང་དུ་ཕྱིན་ཡོད། མཐོ་སློབ་སྣ་ཚོགས་ལ་སློབ་སྦྱོང་བྱེད་བཞིན་པའི་སྤྱིའི་གཞི་ཁྱོན་གྱི་སློབ་མ་ཁྲི་4763.19ཟིན་ནས་ལོ་གོང་མ་ལས་སློབ་མ་ཁྲི་108.11མང་དུ་ཕྱིན་ནས་2.32%འཕར་ཡོད། རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མ་དང་ལས་རིགས་ཀྱི་དངོས་གཞིའི་ཚན་ཁག་དང་ཆེད་་ཚན་གྱིས་སློབ་མ་ཁྱོན་ཁྲི་1042.22བསྡུས་པ་དེ་ལོ་གོང་མ་ལས་2.73%འཕར་ཡོད། རྒྱལ་ཡོངས་སུ་ཞིབ་འཇུག་སློབ་མ་ཁྱོན་ཁྲི་130.17བསྡུས་པ་དེ་ལོ་གོང་མ་ལས་4.76%འཕར་ཡོད། དེའི་ནང་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཁྲི་15.33ཟིན་ནས་ལོ་གོང་མ་ལས་10.29%འཕར་ཡོད། རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཁྲི་114.84ཟིན་ནས་ལོ་གོང་མ་ལས་4.07%འཕར་ཡོད། སློབ་གྲྭར་འགྲོ་མུས་ཀྱི་ཞིབ་འཇུག་སློབ་མ་ཁྲི་388.29ཟིན་ནས་ལོ་གོང་མ་ལས་6.28%འཕར་ཡོད། རྒྱལ་ཡོངས་སུ་མཐོ་རིམ་སློབ་གསོའི་ཆེད་བསྐོས་དགེ་རྒན་ཁྲི་207.49ཡོད་པ་དེ་ལོ་གོང་མ་ལས་དགེ་རྒན་ཁྲི་9.71མང་དུ་ཕྱིན་ནས་4.91%འཕར་ཡོད།

    —— དམིགས་བསལ་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན་པ།

    རྒྱལ་ཡོངས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭ་2345ཡོད་པ་དེ་ལོ་གོང་མ་ལས་31མང་དུ་ཕྱིན་ནས་1.34%འཕར་ཡོད། རྒྱལ་ཡོངས་སུ་དམིགས་བསལ་སློབ་གསོའི་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྱོན་ཁྲི་91.2ཡོད། རྒྱལ་ཡོངས་སུ་དམིགས་བསལ་སློབ་གསོའི་ཆེད་བསྐོས་དགེ་རྒན་ཁྱོན་ཁྲི་7.7ཡོད་པ་དེ་ལོ་གོང་མ་ལས་5.91%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།