དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི་ཡིད་རྟོན་དངུལ་བུན་ལས་དོན་གྱི་འགོ་ཡག་པོ་འཛུགས་པ།

    ཟླ་དང་པོའི་ཟླ་མཇུག་བར་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་400ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-03

    ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། 2024ལོའི་ཟླ་དང་པོའི་ཟླ་མཇུག་བར་ལྷོ་ཁ་གྲོང་ཁྱེར་གྱི་དངུལ་བུན་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་400ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས་སྒོར་དུང་ཕྱུར་400.41ཟིན་ཏེ་དུས་མཚུངས་ལས་16.26%འཕར་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མི་དམངས་དངུལ་ཁང་ལྷོ་ཁ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས“ཧང་ཀྲང་གི་དམིགས་ཚད་འགན་འཁྲིའི་ལམ་ལུགས”ཡག་པོ་སྤྱད་དེ་ཧེ་བག་ཅན་གྱི་ཡིད་རྟོན་དངུལ་བུན་གྱི་སྲིད་ཇུས་ཁག་དེ་བས་མང་བ་ལྷོ་ཁར་ལག་བསྟར་བྱེད་པར་ཁྲིད་སྟོན་བྱས་པ་དང་ཆབས་ཅིག གྲོང་ཁྱེར་རིམ་པའི་སྲིད་གཞུང་དང་། དངུལ་རྩ། ཁེ་ལས་བཅས་ཀྱི་འབྲེལ་མཐུད་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་བྱས་པ་མ་ཟད། “6+1+N”མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་གསལ་ཐོ་འཐུས་སྒོ་ཚང་དུ་བཏང་ནས་རང་འགུལ་ངང་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་དང་འབྲེལ་མཐུད་མཐུན་སྦྱོར་བྱས་ཏེ་ལྷོ་ཁ་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུ་ལྟེ་གནས་སུ“དངུལ་རྩའི་དམངས་ཕན་ཞབས་ཞུའི་སྐར་ཁུང”བཙུགས་ཏེ་དངུལ་རྩའི་སྒྲིག་གཞིས་དངུལ་རྩའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་དངུལ་རྩའི་ཐོན་རྫས་གསར་གཏོད་ལ་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།