མཚོ་སྔོན་གྱིས་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་ཚོགས་ཆུང་བཙུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་སྔོན་དུ་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་ཚོགས་ཆུང་བཙུགས་པའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་ལ་སྤྱི་འདོམས་དང་། མཐུན་སྦྱོར། སྐུལ་འདེད། མཛུབ་ཁྲིད་བཅས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པར་ལྟ་ཞིབ་ཚད་ལེན་དང་མཐིལ་རྟོགས་གཏིང་ཟབ་བྱས་ཏེ་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོས་ཏེ་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད་རེད།
ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་བྱ་རྒྱུ་དེ་གཞི་རྩའི་འཚོ་བ་དང་། སློབ་གསོ། སྨན་བཅོས་སོགས་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་པས་ལས་དོན་ཚོགས་ཆུང་དམངས་སྲིད་དང་། སློབ་གསོ། འཕྲོད་བསྟེན་སོགས་འབྲེལ་ཡོད་སྡེ་ཚན་22ལས་གྲུབ་པ་དང་། གཙོ་བོ་ཞིང་ཆེན་ཡོངས་ཀྱི་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་པའི་འགན་འཁུར་ཏེ་ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་གི་སྲིད་ཇུས་བྱེད་ཐབས་དང་ལོ་འཁོར་གྱི་ལས་ཀའི་འཆར་གཞི་ཞིབ་འཇུག་འཆར་འགོད་དང་། ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་ལ་སྒྲིག་འཛུགས་ཡོད་པའི་སྒོ་ནས་མཐུན་སྦྱོར་དང་མཛུབ་ཁྲིད། ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར། ཕྱོགས་མི་བྱིས་པ་དང་གཞིས་ལུས་བྱིས་པའི་ཁེ་དབང་འགན་སྲུང་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་དང་། སྤེལ་རེས། ཁྱབ་སྤེལ་བཅས་བྱས་ནས་དྲིལ་བསྒྲགས་སློབ་གསོ་དང་གཟེངས་བསྟོད་བྱ་དགའི་ལས་དོན་སྤེལ་རྒྱུ་ཡིན་པ་རེད།