དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “འོད་སྟོང་འཕྲོ་བའི་ཀྲུང་གོར་ཡུལ་སྐོར་བྱེད་པའི”ཡུལ་སྐོར་ཚོགས་པ་ཐོག་མ་ཨ་རི་ནས་ཐོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-02

     འདི་ནི་ཟླ་2ཚེས་25ཉིན། ཡུལ་སྐོར་ཚོགས་པའི་ཁོངས་མིས་ཨ་རིའི་ལའོ་ཧྲན་ཅི་རྒྱལ་སྤྱིའི་གནམ་ཐང་དུ་དྲན་རྟེན་པར་རྒྱག་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལུའོ་ཧྲན་ཅི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་།“འོད་སྟོང་འཕྲོ་བའི་ཀྲུང་གོར་ཡུལ་སྐོར་དུ་བྱེད་པའི”ཀྲུང་གོར་སྐྱོད་མཁན་ཡུལ་སྐོར་ཚོགས་པ་ཐོག་མ་དེ་ཨ་རིའི་ལུའོ་ཧྲན་ཅི་ནས་ཐོན་ཏེ་དུས་ཡུན་ཉིན་10ཡི་རིང་པེ་ཅིང་དང་། སུའུ་ཀྲོའུ། ཝུའུ་ཤིས། ཧང་ཀྲོའུ། ཧྲང་ཧའེ་སོགས་ཀྲུང་གོའི་གྲོང་ཁྱེར་དུ་བྱེད་རྒྱུ་རེད།

    “འོད་སྟོང་འཕྲོ་བའི་ཀྲུང་གོར་ཡུལ་སྐོར་བྱེད་པ”ནི་ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་། ལུའོ་ཧྲན་ཅིར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་དང་ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུས་ཐུན་མོང་ཐོག་བཏོན་པའི་གསར་གཏོད་རང་བཞིན་གྱི་ཡུལ་སྐོར་ཐོན་རྫས་ཤིག་རེད། ཡུལ་སྐོར་ཚོགས་པ་ཐོག་མའི་ཁོངས་མི་11ནི་ཨ་རིའི་ས་གནས་ཁག་ནས་ཡོང་བ་དང་ལོ་ལྟར་ཕན་ཚུན་ཁ་ཆད་ཀྱིས་ཡུལ་སྐོར་དུ་བསྐྱོད་མཁན་གཉེན་ཉེ་ཤ་སྟག་རེད།

    ཏོག་གསར་རིམས་ནད་རྗེས་ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་སླར་གསོ་བྱུང་ཞིང་། ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2024ལོའི་གནམ་ལོ་གསར་ཚེས་ཀྱི་གུང་གསེང་རིང་། རྒྱལ་ཡོངས་ཀྱི་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཁྱོན་མི་ཐེངས་ཁྲི་517.9དང་ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི་172.6ལ་དཔྱད་བཤེར་བྱས་པ་དང་། 2019ལོའི་དུས་མཚུངས་ཀྱི་ཆུ་ཚད་བར་སླར་གསོ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།