དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཚབས་ཆེ་རུ་ཕྱིན་ནས་སི་རི་ཡའི་དུས་བབ་ལ་ཐེབས་པའི་ཤུགས་རྐྱེན་ཚོད་འཛིན་བྱེད་དགོས་པའི་རེ་འབོད་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-02

    ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཚོགས་པའི་གནས་སྐབས་ལས་ཚབ་ཏའེ་པིང་གིས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་སི་རི་ཡའི་ཆབ་སྲིད་ཀྱི་མི་ཆོས་གནད་དོན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ཏེ། འབྲེལ་ཡོད་ཕྱོགས་ཁག་ལ་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ཚབས་ཆེ་རུ་ཕྱིན་ནས་སི་རི་ཡའི་དུས་བབ་ལ་ཐེབས་པའི་ཤུགས་རྐྱེན་ཚོད་འཛིན་བྱེད་དགོས་པའི་རེ་འབོད་བྱས་པ་རེད།

    ཏའེ་པིང་གིས། འདས་ཟིན་པའི་ཟླ་4ཡི་རིང་དབྱི་སི་རལ་གྱིས་མུ་མཐུད་དེས་བཟུང་བའི་ཀེ་ལན་མཐོ་ས་བརྒྱུད། སི་རི་ཡའི་ས་ཁོངས་ཀྱི་ས་གནས་མང་པོར་མཁའ་རྒོལ་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་ལ་བཟོད་སྒོམ་བྱས་ནས་ཛ་དྲག་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ལ། ས་ཁོངས་ཕྱིའི་རྒྱལ་ཁབ་ཆེན་པོས་དུས་བབ་ཞི་ལྷོད་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་གདོང་ཐུག་ཚབས་ཆེ་རུ་མི་འགྲོ་བ་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་འབོད་སྐུལ་ཡང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཏའེ་པིང་གིས། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡའི་གནད་དོན་སྐོར་གྱི་ཨ་སི་ཐ་ནའི་ཚོགས་འདུ་ཐེངས་ཉེར་གཅིག་པ་བདེ་བླག་ངང་འཚོག་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སི་རི་ཡའི་གནད་དོན་ཐད་ཀྱི་ཆེད་བསྐོས་ཕོ་ཉ་ཕེ་ཁའེ་རུའུ་ཡིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཨང་2254པ་དོན་འཁྱོལ་བྱ་རྒྱུའི་ཐད་ཕྱོགས་ཁག་དང་རྒྱ་ཁྱབ་ངང་འབྲེལ་གཏུག་བྱ་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“སི་རི་ཡ་བར་དབང་བ་དང་སི་རི་ཡ་བས་གཙོ་ཁྲིད་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱ་རྒྱུའི་སྐུལ་འདེབས་བྱས་ནས་ཕྱོགས་ཁག་ཚང་མས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་འཚོལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ས་ཁུལ་རྒྱལ་ཁབ་ཀྱི་རོགས་རམ་གྱིས་ཆབ་སྲིད་ཀྱི་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པར་སྒུལ་ཤུགས་གསར་པ་བསྣན་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་རི་ཡ་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་ཆེད་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ། སི་རི་ཡའི་ཆབ་སྲིད་འཕེལ་རིམ་ཁྲོད་ཀྱི་ཡུན་རིང་འཇིགས་སྐུལ་སེལ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་སི་རི་ཡའི་མངའ་ཁོངས་ནང་གི་འཇིགས་སྐུལ་རིང་ལུགས་ཚང་མར་རྡུང་རྡེག་གཏོང་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།