དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སི་ཀྲུང་མཛའ་གྲོགས་ལ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་པ།

    —— སི་ར་ལ་ཨོང་གི་ཆ་འཕྲིན་དང་སྤྱི་དམངས་སློབ་གསོ་པུའི་པུའུ་ཀྲང་པཱ་ཧོར་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-02

    “སི་ར་ལ་ཨོང་དང་ཀྲུང་གོའི་དབར་ལོ་བཅུ་ཕྲག་རིང་ཆགས་པའི་མཛའ་གྲོགས་ཟབ་མོར་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད”ཅེས་སི་ར་ལ་ཨོང་གི་ཆ་འཕྲིན་དང་སྤྱི་དམངས་སློབ་གསོ་པུའི་པུའུ་ཀྲང་ཆེར་ནུའོ·པཱ་ཧོས་ཉེ་ཆར་སི་ར་ལ་ཨོང་གི་རྒྱལ་ས་ཧྥུ་རི་ཐོན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    པཱ་ཧོས་ཀྲུང་གོས་སི་ར་ལ་ཨོང་གི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བར་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལོ་བཅུ་ཕྲག་རིང་ཀྲུང་གོས་སི་ར་ལ་ཨོང་ལ་བསྐྲུན་པའི་རྒྱལ་ཁབ་ལུས་རྩལ་ཐང་དང་། ཀྲུང་སིའི་མཛའ་གྲོགས་ཐོག་བརྩེགས་ཁང་ཆེན། ཀྲུང་སིའི་མཛའ་གྲོགས་གཞུང་ལམ་སོགས་སི་ར་ལ་ཨོང་གི་མཚོན་རྟགས་སུ་གྱུར་ཡོད། དེ་དག་ཚང་མ་ནི“སི་ཀྲུང་མཛའ་གྲོགས་ཀྱི་གྲུབ་འབྲས”རེད་ཅེས་བརྗོད།

    པཱ་ཧོས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་པ་དེས་སི་ར་ལ་ཨོང་ལ་ཁེ་ཕན་ཏན་ཏིག་ཐོབ་ཡོད་ཅེས་བརྗོད་པ་དང་། ཁོང་གིས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཁོངས་མི་ཞིག་ཡིན་པའི་ངོས་ནས་ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བར་བསྔགས་བརྗོད་བྱས་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཁྲོད་སི་ར་ལ་ཨོང་གིས་ནུས་པ་འདོན་པར་ཀྲུང་གོས་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཡང་ཞུ་རྒྱུ་ཡིན་ཞེས་བརྗོད།

    སི་ར་ལ་ཨོང་གི་ཙུང་ཐུང་པི་ཨའོ་ཡིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི་སྐོར་གླེང་སྐབས། པཱ་ཧོས“སི་ར་ལ་ཨོང་གི་ངོས་ནས་བརྗོད་ན་ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ཙུང་ཐུང་པི་ཨའོ་ད་ཐེངས་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་སྐྱོད་པ་ལས་སེ་ཀྲུང་གི་མཛའ་གྲོགས་སྔར་བས་ཟབ་ཏུ་འགྲོ་བ་དང་ཁྱབ་ཁོངས་གཙོ་བོར་ཀྲུང་གོའི་རྒྱབ་སྐྱོར་ཐོབ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ཙུང་ཐུང་པི་ཨའོ་ཡིས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་བྱེད་པ། གཞོན་ནུའི་ལས་ཞུགས་མང་དུ་གཏོང་བ། ཚན་རྩལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་པའི་ཞབས་ཞུའི་མ་ལག་སྒྱུར་བཅོས་བྱེད་པ་བཅས་ཕྱོགས་ཆེ་གྲས་ལྔ་མིག་སྔའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་གཙོ་གནད་ནང་བཅུག་ཡོད། དེའི་ཐད་ཀྲུང་གོར་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པས། སི་ར་ལ་ཨོང་ཕྱོགས་ཀྱིས་དོ་ཁུར་བྱེད་པའི་གཙོ་གནད་ཁྱབ་ཁོངས་ནང་གི་མཉམ་ལས་ལ་ཕྱོགས་གཉིས་པོས་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་པཱ་ཧོས་བརྗོད།

    “ང་ཚོས་རྒྱལ་ཁབ་འཕེལ་རྒྱས་འགྲོ་བ་དང་། བཟོ་ལས་ཅན་མགྱོགས་སུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པ་བཅས་ལ་རེ་བ་བྱེད་ཀྱི་ཡོད་ལ། དམིགས་ཚད་དེ་དག་མངོན་འགྱུར་བྱེད་མཁན་གྱི་ཚན་རྩལ་སྟོབས་ཤུགས་ཤིག་ཡོད་པའི་རེ་བའང་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་ནི་ང་ཚོར་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་མཁན་གྱི་རོགས་ཟླ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་པཱ་ཧོས་བརྗོད།

    (ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྥུ་རི་ཐོན་ནས་ཟླ་2ཚེས་26ཉིན་འབྱོར་པའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།