དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་དམིགས་བསལ་གྱི་ནུས་པ་མུ་མཐུད་འདོན་གྱི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-03-02

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཚབས་ཆེར་ཕྱིན་ཏེ་ལོ་གཉིས་སོང་ཡང་དམག་འཁྲུག་མུ་མཐུད་རྒྱག་བཞིན་ཡོད། མིག་སྔར་དགོས་གཏུགས་ཆེ་ཤོས་ནི་ཞི་བདེ་སླར་གསོ་བྱ་རྒྱུ་དེ་རེད། ཀྲུང་གོ་ཕྱོགས་ཀྱིས་རང་ངོས་ཀྱི་དམིགས་བསལ་ནུས་པ་མུ་མཐུད་བཏོན་ཏེ་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་མའོ་ཉིང་གིས། ཀྲུང་གོ་སྲིད་གཞུང་གི་ཡོ་རོབ་དང་ཨེ་ཤེ་ཡའི་ལས་དོན་གྱི་དམིགས་བསལ་འཐུས་ཚབ་ལི་ཧུའེ་ཡིས་ཟླ་3ཚེས་2ཉིན་ནས་བཟུང་ཨུ་རུ་སུ་དང་། ཡོ་རོབ་མནའ་འབྲེལ་སྤྱི་ཁྱབ་པུའུ། ཕོ་ལན། ཡུག་རེན། འཇར་མན། ཧྥ་རན་སེ་བཅས་ལ་འཚམས་འདྲི་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐད་རེས་སྐོར་གཉིས་པའི་ཕྱི་འབྲེལ་ལས་དོན་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

    མའོ་ཉིང་གིས་གསར་འགོད་པའི་འབྲེལ་ཡོད་དྲི་བར་ལན་རྒྱག་སྐབས། ཡུག་རེན་གྱི་ཉམས་ཉེན་ཕྱོགས་ཡོངས་ནས་ཚབས་ཆེར་ཕྱིན་ཏེ་ལོ་གཉིས་སོང་ཡང་དམག་འཁྲུག་མུ་མཐུད་རྒྱག་བཞིན་ཡོད། མིག་སྔར་དགོས་གཏུགས་ཆེ་ཤོས་ནི་ཞི་བདེ་སླར་གསོ་བྱ་རྒྱུ་དེ་རེད། “ཞི་བའི་གྲོས་མོལ་སྔ་ཙམ་བྱས་ཚེ་གྱོང་གུན་ཕོག་ཚད་ཆུང་དུ་འགྲོ་སྲིད”ཅེས་བརྗོད།

    ཁོང་གིས། འདས་ཟིན་པའི་ལོ་གཉིས་རིང་། ཀྲུང་གོ་ཕྱོགས་ཀྱིས་བར་འདུམ་དང་འབད་བརྩོན་བྱེད་མཚམས་གཏན་ནས་འཇོག་མྱོང་མེད་ལ། གྲོས་མོལ་ལ་སྐུལ་འདེད་གཏོང་བའི་གོམ་པའང་སྤོ་མཚམས་གཏན་ནས་འཇོག་མྱོང་མེད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་ཡུག་རེན་ཚུད་པའི་རྒྱལ་ཁབ་ཁག་དང་འབྲེལ་གཏུག་གཏིང་ཟབ་བྱས་ཏེ་ཉམས་ཉེན་ལ་ཁ་གཏད་གཅོག་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས《ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་ཡིག་ཆ་ཆེད་མངགས་ཁྱབ་བསྒྲགས་བྱས་ཏེ་ཆེད་བསྐོས་ཕོ་ཉ་མངགས་ནས་འདུམ་འགྲིག་ཡང་ཡང་བྱས་ཡོད་ཅེས་བརྗོད།

    “ཀྲུང་གོ་ཕྱོགས་ཀྱིས་གཞན་ལ་རྐྱེན་ངན་འཕྲད་སྐབས་ཟུར་ནས་ལྟད་མོ་ལྟ་མི་སྲིད་ལ། མེ་ཚ་བའི་སྒང་ལ་ཤིང་གཤག་པ་རྒྱག་མི་སྲིད། དེ་བས་གོ་སྐབས་དང་བསྟུན་ནས་ཁེ་བཟང་རག་ཐབས་དེ་བས་བྱེད་མི་སྲིད། ང་ཚོས་སྒྲུབ་པའི་བྱ་བ་ཐམས་ཅད་དམིགས་ཚད་གཅིག་མངོན་འགྱུར་བྱ་ཆེད་ཡིན་པ་དེ་ནི་དམག་མཚམས་འཇོག་པའི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་ཡོང་བ་དང་ཞི་བའི་གྲོས་མོལ་ལ་རྨང་གཞི་འདིང་ཆེད་རེད། ང་ཚོས་རང་ཉིད་ཀྱི་དམིགས་བསལ་ནུས་པ་མུ་མཐུད་བཏོན་ཏེ་རྒྱུན་ཆད་མེད་ཀྱི་ཕྱི་འབྲེལ་ལས་དོན་སྤེལ་བ་དང་ཕྱོགས་ཁག་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་གྱིས་ཆབ་སྲིད་ལ་བརྟེན་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་འབུལ་གྱི་ཡིན”ཞེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།