དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལག་གདང་སྦྲེལ་ནས་མཉམ་དུ་འཚར་ལོངས་ཡོང་བར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    འདི་ནི་དགུན་ཁའི་སྒར་སའི་བྱེད་སྒོར་ཞུགས་མཁན་ལོ་ཆུང་གདོང་ལེན་རུ་མིས་ལག་ཤེས་བཟོ་རྩལ་སྦྱོང་བཞིན་པ།

    འདི་ནི་དགུན་ཁའི་སྒར་སའི་བྱེད་སྒོར་ཞུགས་མཁན་ལོ་ཆུང་གདོང་ལེན་རུ་མིས་ཀོང་ཏུང་ཞོར་གཏོགས་སློབ་འབྲིང་ཧྭ་ཏུའུ་ཚོད་ལྟའི་སློབ་གྲྭའི་གྲོགས་པོ་ཆུང་ཆུང་དང་ལག་རྟགས་སྤྲོད་རེས་བྱས་ནས་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    ཉིན་ཤས་གོང་ཀོང་ཏུང་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་སྤོ་བོ་རྫོང(ཀོང་ཀྲོའུ)ལས་དོན་ཚོགས་ཆུང་དང་ཀོང་ཀྲོའུ་གྲོང་ཁྱེར་སྡེ་ཚོགས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། སྤོ་བོ་རྫོང་སྡེ་ཚོགས་ཨུ་ལྷན་དང་སྤོ་བོ་རྫོང་སློབ་གསོ་ཅུས་ཀྱིས་གཉེར་འགན་འཁུར་བ། ཀོང་ཀྲོའུ་གྲོང་ཁྱེར་བྱིས་པའི་ཕོ་བྲང་དང་གུང་གཞོན་སྡེ་ཚོགས་ཧྭ་ཏུའུ་ཆུས་ཨུ་ལྷན་གྱིས་མཉམ་གཉེར་བཅས་བྱས་པའི“ཁྱིམ་ཚང་གཅིག་ལྟར་བརྩེ། ཀོང་ཀྲོའུ་དང་སྤོ་བོ་རྫོང་གི་ལོ་ཆུང་གདོང་ལེན་རུ་མི་ལག་གདང་སྦྲེལ་བའི”དགུན་དུས་སྒར་སའི་ཞིབ་སློབ་སྤེལ་རེས་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    སྤོ་བོ་རྫོང་གི་ལོ་ཆུང་གདོང་ལེན་རུ་མིས་ཀོང་ཀྲོའུ་གྲོང་ཁྱེར་ཧྭ་ཏུའུ་ཆུས་བྱིས་པའི་ཕོ་བྲང་དང་ཀོང་ཏུང་ཞོར་གཏོགས་སློབ་འབྲིང་ཧྭ་ཏུའུ་ཚོད་ལྟའི་སློབ་གྲྭ་སོགས་ལ་ལྟ་སྐོར་སློབ་སྦྱོང་བྱས་པ་མ་ཟད། ཀོང་ཏུང་གི་གྲོགས་པོ་ཆུང་ཆུང་དང་ངོ་ཤེས་བཏང་ནས་ལག་རྟགས་སྤྲོད་རེས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།