དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་དང་ཨ་མདོ་རྫོང་མི་དམངས་སྨན་ཁང་དབར་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་གན་རྒྱ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    ཉེ་ཆར། ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་དང་ཨ་མདོ་རྫོང་མི་དམངས་སྨན་ཁང་དབར་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད། དེ་ནི་2023ལོའི་ཟླ་4པར་ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་བཅས་པས་ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་དུ་རྒྱང་ཁྲིད་སྨན་བཅོས་ལས་དོན་ལ་བརྟག་ཞིབ་བྱས་རྗེས། སྨན་ཁང་གི་མཁྲེགས་ཆས་དང་མཉེན་ཆས་བཀོད་སྒྲིག་དང་རྒྱང་ཁྲིད་ཁོར་ཡུག་བསྐྲུན་ནས་ལས་དོན་དེར་སླར་ཡང་ངོ་བོའི་རང་བཞིན་གྱི་སྐུལ་འདེད་བཏང་བ་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལེའོ་ཉིང་ཞིང་ཆེན་བོད་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་དང་། ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་སྐུལ་འདེད་འོག 2023ལོའི་ཟླ་4པ་ཚུན་དུ་ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་དང་ཏུང་རོན་སྨན་བཅོས་ཚན་རྩལ་ཚད་ཡོད་ཀུང་སིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་རིན་མེད་རོགས་སྐྱོར་བྱས་ཏེ། ལེའོ་ཉིང་དང་ནག་ཆུ་ཕྱོགས་གཉིས་པོས་དང་ཐོག་ནག་ཆུ་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་གྱི་ས་ཁོངས་གལ་ཆེན་གྱི་སྨན་བཅོས་ལྟེ་གནས་ཀྱི་གྲས་ཤིག་ཡིན་པའི་ཨ་མདོ་རྫོང་མི་དམངས་སྨན་ཁང་དུ་རྒྱང་ཁྲིད་སྨན་བཅོས་ཞབས་ཞུའི་ལས་སྟེགས་བསྐྲུན་རྒྱུའི་གཏན་འཁེལ་བྱས་པ་རེད། ལོ་ཕྱེད་ལྷག་ཙམ་གྲ་སྒྲིག་དང་འཛུགས་སྐྲུན་བྱས་པ་བརྒྱུད། ལེའོ་ཉིང་དང་ནག་ཆུ་གཉིས་ཀྱི་སྨན་ཁང་གི་རྒྱང་ཁྲིད་སྨན་བཅོས་མཉམ་ལས་ཀྱི་གོ་སྐབས་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་དུ་ཕྱིན་ཡོད། ད་ཐེངས་རྣམ་གྲངས་ལ་གན་རྒྱ་བཞག་པ་ནི་ལེའོ་ཉིང་དང་ནག་ཆུ་ཕྱོགས་གཉིས་པོའི་སྨན་བཅོས་ཁ་གཏད་རོགས་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་བ་ཞིག་རེད་ལ། ལེའོ་ཉིང་དང་ནག་ཆུས་ད་ཡོད་ཀྱི་སྨན་བཅོས་ཁ་གཏད་རོགས་སྐྱོར་གྱི་རྨང་གཞིའི་ཐོག་ཞིང་ཆེན་རིམ་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རོགས་སྐྱོར་བྱ་ཡུལ་གཞི་རིམ་སྨན་བཅོས་སྒྲིག་གཞིར་སྔར་བས་སྣུར་སྲིང་བྱེད་པའི་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་ཀྱང་རེད། དེ་དང་ཆབས་ཅིག་ལེའོ་ཉིང་དང་ནག་ཆུ་ཕྱོགས་གཉིས་པོའི་སྨན་བཅོས་ཁྱབ་ཁོངས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་བྱེད་ཟབ་ཏུ་བཏང་བ་ཞིག་ཀྱང་རེད།

    ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཆུས་ཕུང་གིས། སྨན་བཅོས་བོད་སྐྱོར་ནི་བོད་སྐྱོར་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། ལེའོ་ཉིང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་སྨན་ཁང་ཞིག་ཡིན་པའི་ལེའོ་ཉིང་ཞིང་ཆེན་མི་དམངས་སྨན་ཁང་ལ་རྒྱལ་ཁབ་ཀྱི་རིམ་དབྱེའི་སྨན་བཅོས་དང་སྨན་བཅོས་བོད་སྐྱོར་ཐད་ལེགས་སྐྱེས་འབུལ་རྒྱུའི་འགན་འཁྲི་དང་འོས་འགན་ཡོད། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མི་དམངས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱས་ནས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ། ནག་ཆུའི་དོན་དངོས་དང་ཟུང་འབྲེལ་གྱིས་ནག་ཆུའི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་སྤུས་ལེགས་དང་ནུས་ཆེའི་སྨན་བཅོས་ཀྱི་ཞབས་འདེགས་ཞུ་གི་ཡིན་ལ། སླད་ཕྱིན་ནག་ཆུ་གྲོང་ཁྱེར་གྱི་སྨན་བཅོས་རོགས་སྐྱོར་གྱི་དགོས་མཁོ་སྐོང་བ་དང་རྒྱང་ཁྲིད་སྨན་བཅོས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།