དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ལེའོ་ཉིང་བོད་སྐྱོར་གྱི་མདུན་ཕྱོགས་བཀོད་འདོམས་པུའུ་ལས་ཁུངས་ཏང་ཨུད་ཀྱིས།

    ཏང་ཡོན་གསར་རྙིང་སྒྲིག་འཛུགས་བྱས་ནས་མཉམ་དུ“ཆབ་སྲིད་ཀྱི་སྐྱེས་སྐར”བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    བོད་སྐྱོར་ལས་བྱེད་པའི་ཕུགས་བསམ་དང་དད་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་། རེ་བ། སྐུལ་ལྕག་བཅས་བརྒྱུད་སྤྲོད་གང་ལེགས་བྱེད་པ། བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་འཕེལ་བ་བཅས་བྱ་ཆེད། ལེའོ་ཉིང་ཞིང་ཆེན་ཁ་གཏད་བོད་སྐྱོར་ལས་དོན་གྱི་མདུན་ཕྱོཌ་བཀོད་འདོམས་པུའི་ལས་ཁུངས་ཏང་ཨུད་ཀྱིས་ནག་ཆུར་ཏང་ལ་ཞུགས་མ་ཐག་པའི་ཏང་ཡོན་གསར་པ་7དང་བོད་སྐྱོར་ལས་འགན་འགྲུབ་ལ་ཉེ་བའི་བློ་མཐུན་12ལ་མཉམ་དུ“ཆབ་སྲིད་སྐྱེས་སྐར”བཏང་བ་རེད།

    བྱེད་སྒོ་སྤེལ་རིང་བོད་སྐྱོར་ཏང་ཡོན་ལས་བྱེད་པས་ཏང་དར་ལ་ཕྱོགས་པ་དང་ལག་གཡས་པའི་ཁུ་ཚུར་མཐོན་པོར་བཏེགས་ཏེ་སྐད་གསངས་མཐོན་པོས་ཏང་ཞུགས་དམ་བཅའ་བསྐྱར་དུ་བཞག་ནས། ཏང་ལ་ཞུགས་སྐབས་ཏང་དར་འོག་ཏུ་བཞག་པའི་དམ་བཅའི་ཚིག་རེ་རེར་དྲན་གསོ་བྱས་ཤིང་། ཏང་ཡོན་ཚང་མའི་སྐད་གསངས་མཐོན་པོ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལས་ཏང་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད།

    ལེའོ་ཉིང་ཞིང་ཆེན་ཁ་གཏད་བོད་སྐྱོར་ལས་དོན་མདུན་ཕྱོགས་བཀོད་འདོམས་པུའི་ཏང་ཙུའི་ཧྲུའུ་ཅི་དང་། ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་གོ་ཆང་གིས། རང་རྒྱལ་གྱི་ས་བབ་མཐོ་ཤོས་དང་ས་ཁྱོན་ཆེ་ཤོས་ཀྱི་ས་གནས་རིམ་པའི་གྲོང་ཁྱེར་དུ་མཉམ་དུ“ཆབ་སྲིད་ཀྱི་སྐྱེས་སྐར”གཏོང་བ་དང་ཏང་ཞུགས་དམ་བཅའ་བསྐྱར་དུ་འཇོག་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས་ང་ཚོས་ཐོག་མཐའ་བར་གསུམ་དུ་རང་ཉིད་གུང་ཁྲན་ཏང་ཡོན་ཡིན་པའི“ཐོབ་ཐང་ཨང་དང་པོ”དེ་བརྗེད་མེད་ལ་སླར་ཡང་སེམས་ཁམས་ལ་ཞུར་བརྡར་ཐེངས་གཅིག་ཐེབས་པར་བྱས་ཡོད། ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ཚང་མས་ཁྱིམ་ཆུང་དོར་ནས་ཁྱིམ་ཆེན་སྐྱོང་བ་དང་། གཉེན་ཉེ་དང་གྲོང་ཁྱེར་ཆེན་པོ་དང་བྲལ་ནས་ས་བབ་མཐོ་བ་དང་གསོ་རླུང་དཀོན་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་ཐོག་མཐའ་བར་གསུམ་དུ་གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ་པོ་ཡོང་བར་བྱས་ཡོད། ཁྱེད་ཚོས་རང་སོ་སོའི་ལས་གནས་ཐོག་ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་དང་། ལེའོ་ཉིང་བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ཉམས་འགྱུར་མངོན་པ་མ་ཟད། ཏང་ཀྲུང་དབྱང་གིས་ཁྱེད་ཚོར་མངགས་བཅོལ་གནང་བ་ཆུད་ཟོས་སུ་མི་བཏང་བ་དང་། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཁྱེད་ཚོར་ཡིད་ཆེས་བྱས་པ་ཆུད་ཟོས་སུ་མི་བཏང་བ། ནག་ཆུའི་མི་དམངས་ཀྱིས་ཁྱེད་ཚོར་བཅངས་པའི་རེ་བ་ཆུད་ཟོས་སུ་མི་བཏང་བ་བཅས་ཀྱང་མངོན་གྱི་ཡོད། ང་ཚོས“ཆབ་སྲིད་ཀྱི་སྐྱེས་སྐར”གཏོང་བ་གོ་སྐབས་སུ་བྱས་ནས་རང་རྟོགས་ངང་ཏང་ཡོན་གྱི་ཐོབ་ཐང་གི་འདུ་ཤེས་དང་། དམིགས་ཡུལ་གྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་ཐོག་མའི་བསམ་འདུན་རྒྱུན་གཏན་གྱི་ལས་དོན་ཐོག་འཁྱོལ་བ་དང་འགན་འཁྲི་ལས་གནས་ཐོག་འཁྱོལ་བར་བྱས་ཏེ། ཏང་ཡོན་གྱི་སྔོན་ཐོན་དཔེ་བཟང་གི་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནག་ཆུའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེའོ་ཉིང་བོད་སྐྱོར་སྟོབས་ཤུགས་ཀྱིས་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།