དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གངས་འཁྱགས་ཐོན་ཁུངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་སྦྱིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    2024ལོའི་ཟླ་1ཚེས་24ཉིན་རྡོ་རྗེ་སྐྱབས(གཡོན)ཀྱིས་ཀྲེ་ཀུའུ་རི་བོའི་གངས་ཤུད་ཐང་དུ་ཡུལ་སྐོར་བར་གངས་ཤུད་གློད་སྟངས་སློབ་བཞིན་པ།

    2024ལོའི་ཟླ་1ཚེས་25ཉིན་རྡོ་རྗེ་སྐྱབས་ཀྱིས་ཀྲེ་ཀུའུ་གངས་ཤུད་ཐང་དུ་དྲན་རྟེན་པར་རྒྱག་བཞིན་པ།

    2024ལོའི་ཟླ་1ཚེས་27ཉིན་མེ་ཏོག་གངས་ཤུད་ཐང་དུ་དངོས་གྲུབ་སྒྲོལ་མ(གཡོན)དང་ཕུན་ཚོགས་སྒྲོལ་མས(གཡས)རྩལ་ཁྲིད་པ་བློ་བཟང་ཕུན་ཚོགས་ཀྱི་རོགས་རམ་འོག་གངས་ཤུད་གློད་སྟངས་སྦྱོང་བཞིན་པ།

    2024ལོའི་ཟླ་1ཚེས་27ཉིན་ཡུལ་སྐོར་བ་ཞིག་གིས་རི་མང་གངས་ཤུད་ཐང་དུ་གངས་ཤུད་ཉམས་ལེན་བྱེད་བཞིན་པ།

    ལོ་གཉིས་གོང་གི་ད་ལྟའི་དུས་མཚམས་སུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། ལོ་གཉིས་ཚུན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་དང་། མཐུན་རྐྱེན་སྲིད་ཇུས། རྒྱུག་འབོར་སྐུལ་ཁྲིད་སོགས་ཀྱི་ལེགས་ཆ་མཉམ་དུ་འཛོམས་ནས་རང་རྒྱལ་གྱི་གངས་འཁྱགས་ཐོན་ཁུངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་གྱུར་ཡོད།

    གངས་འཁྱགས་ལུས་རྩལ་རྒྱུན་མཐུད་སྤེལ་བས། “མི་འབོར་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད”བྱེད་པའི་ཕན་འབྲས་མངོན་བཞིན་ཡོད། 2024ལོའི་ལོ་གསར་པ་འཆར་མ་ཐག་ལོ་6ལ་སླེབས་པའི་དངོས་གྲུབ་སྒྲོལ་མ་དང་ལོ་4ལ་སླེབས་པའི་ཕུན་ཚོགས་སྒྲོལ་མས་ཨ་མ་ངག་དབང་ཆོས་སྒྲོན་གྱི་སྣེ་ཁྲིད་འོག་རི་མང་གངས་ཤུད་ཐང་གངས་ཤུད་ཀྱི་ཉམས་ལེན་ཐེངས་དང་པོར་བྱས། རི་མང་གངས་ཤུད་ཐང་དེ་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་གནས་པ་དང་ས་བབ་མཐོ་ཚད་སྨི་4500ཙམ་ཟིན་ཞིང་། དེ་ནི་བོད་ཀྱི་གངས་ཤུད་ཀྱི་སྒྲིག་བཀོད་ཅུང་འཐུས་སྒོ་ཚང་བའི་གངས་ཤུད་ཐང་ཐོག་མ་དེ་རེད། ངག་དབང་ཆོས་སྒྲོན་གྱིས“དེ་གར་སྒྲིག་བཀོད་དང་། འགྲིམ་འགྲུལ། གངས་ཤུད་གློད་ས་བཅས་ཡག་པོ་འདུག་པས། ཁྱིམ་གྱི་སྒོ་འགྲམ་དུ་གངས་ཤུད་གློད་རྒྱུ་ཡོད་པས་ཕྲུ་གུ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད།

    གངས་འཁྱགས་རྣམ་གྲངས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་སུ་འགྲོ་བས། མི་དེ་བས་མང་བར་གངས་འཁྱགས་ཀྱི་ཕན་པ་ཐོབ་པ་དང་འབབ་འཕར་ལའང་སྐུལ་ཁྲིད་ཐུབ་ཡོད། རྡོ་རྗེ་སྐྱབས་ད་ལྟ་སི་ཁྲོན་རྔ་པ་ཀྲོའུ་ལི་རྫོང་ཀྲེ་ཀུའུ་རི་བོའི་གངས་ཤུད་ཐང་རྣམ་གྲངས་ཀྱི་ཅིང་ལི་དང་གངས་ཤུད་རྩལ་ཁྲིད་པའི་འགན་གཅིག་ལྕོགས་འཁུར་བཞིན་ཡོད་པས་ཟླ་རེར་ཡོང་འབབ་སྒོར་6000ལྷག་ཙམ་ཡོད།

    གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན། འབྲི་ཆུའི་དབུས་སྨད་རྒྱུད་དུ་གངས་འཁྱགས་དང་འབྲེལ་བའི་ཐོན་ཁུངས་རྒྱུན་མཐུད་སྔོག་འདོན་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།