དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྱིས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་179ལ་མགྱོཌ་མྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-03-01

    མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དུ་ཅི་ཧྲི་ཧྲན་གྱི་ས་ཡོམ་རིམ་པ་6.2ཀྱི་ཤུགས་རྐྱེན་ཐེབས་པའི་མིན་ཧོ་དང་། ཡ་རྫི། བ་ཡན་སོགས་རྫོང་གསུམ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་རིམ་བཞིན་སླར་གསོ་བྱུང་ནས། གནོད་འཚེ་ཕོག་ཁུལ་གྱི་ཟ་ཁང་དང་། སྔོ་ཚལ་ཚོང་ཁང་། སྒོ་རྩིས་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་ཀྱི་ཚོང་ཁང་ད་ཆ་རྒྱུན་གཏན་ལྟར་ལས་གཉེར་བྱེད་བཞིན་ཡོད་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་དཀའ་གནད་ལས་སྒྲོལ་བར་རོགས་རམ་བྱ་ཆེད། མཚོ་ཤར་གྲོང་ཁྱེར་གྱིས་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་51བཏང་བའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་179གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    མཚོ་ཤར་གྲོང་ཁྱེར་གྱིས་སྔ་སྣུར་དུ་ཇུས་འགོད་བྱས་ནས་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཁག་ཏན་ཏིག་སྤེལ་བས། གནོད་འཚེ་ཕོག་པའི་རྫོང་གསུམ་གྱིས་རིགས་ཁག་གི་ས་བོན་སྤྱི་རྒྱ་ཁྲི་2660.18དང་རྫས་ལུད་ཏུན་7490གྲབས་གསོག་བྱས་པ་དང་གནོད་སྐྱོན་ཕོག་པའི་ཞིང་ཆུ་འདྲེན་ཁུལ་གྱི་ཆུ་འདྲེན་སྒྲིག་ཆས་ནུས་ཤུགས་ཡོད་རྒུས་ཉམས་གསོ་བྱས་ནས་དཔྱིད་རྨོད་ཀྱི་དགོས་མཁོར་འགན་ལེན་ཏན་ཏིག་བྱས་པ་རེད། མིག་སྔར་རྫོང་གསུམ་གྱི་གེགས་ཁུལ་དུ་དགུན་ཆུ་འདྲེན་ཚད་སྤྱི་ཆིང་ཁྲི་1.86དང་ས་བོན་འདེབས་ཚད་སྤྱི་ཆིང་94.66ལེགས་སྒྲུབ་བྱས་པ་རེད། འབྲོག་ལས་ཀྱི་རྒྱུན་གཏན་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས་གསོ་ཚགས་དུད་ཚང་235ཡི་སྨི་ངོས་གྲུ་ཁྲི་1.3གྱི་ལྷས་ར་བརྟན་གཏོང་ཉམས་གསོ་བྱས་པ་དང་། གཟན་རྩྭ་ཏུན་5535མཐུན་སྦྱོར་དབོར་འདྲེན་བྱས་ཏེ། གཞི་ཁྱོན་ལྡན་པའི་གསོ་ཚགས་དུད་ཚང་2377གྱི་གཟན་རྩྭའི་འཕྲལ་མཁོ་བསྐངས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།