དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་གསུམ་པ་ཨབ་ཀྲ་པེར་འཚོགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་གསུམ་པ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེ་རུ་ཚོགས་འགོ་ཚུགས་ཤིང་། ཚོགས་འདུ་དེ་ཚེས་29ཉིན་བར་འཚོགས་པ་རེད། རྒྱལ་ཁབ་མང་པོའི་དཔལ་འབྱོར་ཚོང་དོན་དང་འཕེལ་རྒྱས་པུའུ་ཀྲང་དང་དེ་བཞིན་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་རྩ་འཛུགས་ཀྱི་འཐུས་མི་ཞུགས་ཡོད་པ་རེད།

    ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག ཁོ་མོ་རོ་དང་ཐི་མོར་ཤར་མ་འཛམ་གླིང་ཚོང་དོན་རྩ་འཛུགས་ནང་དངོས་སུ་ཞུགས་པས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་166བར་འཕར་ཡོད་པ་རེད།

    པུའུ་ཀྲང་རིམ་པའི་ཚོགས་འདུ་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཐབས་ཇུས་སྒྲིག་གཞི་མཐོ་ཤོས་ཡིན་ལ་དེས་གཙོ་གནད་གྲོས་དོན་གྲོས་མོལ་ཐད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྒྱུན་གཏན་ལས་དོན་ལ་གྲོས་ཞིབ་བྱེད་པ། ཕྱོགས་མང་ཚོང་དོན་ལམ་སྲོལ་གྱི་འབྱུང་འགྱུར་འཕེལ་རྒྱས་ཁ་ཕྱོགས་འཆར་འགོད་བྱེད་པ་བཅས་ཀྱི་འགན་འཁུར་གྱི་ཡོད། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མི་དང་། ལྟ་དཔྱད་པ། ཚོང་དོན་པུའུ་ཀྲང་། འཐུས་མི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་རིང་བྱེད་སྒོ་དང་ཚོགས་འདུ་མང་པོ་འཚོགས་པ་དང་དེའི་དམིགས་ཡུལ་ནི་ཚོང་དོན་སྲིད་ཇུས་དང་འཆར་གཞིའི་ནུས་ལྡན་རང་བཞིན་ཆེ་རུ་གཏོང་རྒྱུ་དེ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།