དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཅིབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨེ་ཅིབ་ཀྱི་བྱང་རྒྱུད་དུ་མཚོ་འགྲམ་གྲོང་གསར་བསྐྲུན་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-03-01

    ཉེ་ཆར། ཨེ་ཅིབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཨེ་ཅིབ་ཀྱི་སྲིད་འཛིན་རྒྱལ་ས་གསར་པར་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ནས། ཕྱོགས་གཉིས་པོས་ཨེ་ཅིབ་ཀྱི་ས་དབུས་རྒྱ་མཚོའི་ངོགས་སུ་གྲོང་གསར་ཞིག་བསྐྲུན་ཏེ་ཨེ་ཅིབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་དང་། མ་འཇོག་འགུགས་པ། ཕྱི་དངུལ་གསོག་འཇོག་མང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་རེད།

    གྲོས་མཐུན་གཞིར་བཟུང་། ཕྱོགས་གཉིས་པོས་ཨེ་ཅིབ་ཀྱི་མཱ་ཐེ་ལུའུ་ཞིང་ཆེན་གྱི་ལཱ་སི་ཧོ་ཁེ་མཱ་གསར་སྤེལ་བྱ་རྒྱུ་དང་རྣམ་གྲངས་དེའི་ས་ཁྱོན་སྤྱི་ལེ་ངོས་གྲུ་170ཟིན་ཡོད།

    ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏེ་པུའུ་ལིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག གྲོས་མཐུན་ལག་བསྟར་བྱས་རྗེས་ཀྱི་ཟླ་བ་གཉིས་ནང་ཨེ་ཅིབ་ཀྱི་དཔལ་འབྱོར་ལ་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཨ་སྒོར་དུང་ཕྱུར་350མང་དུ་འགྲོ་རྒྱུ་ཡིན་ཞིང་། “ལོ་རྒྱུས་རང་བཞིན་གྱི་གྲོས་མཐུན་དེ་ནི་མིག་སྔར་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཕྱི་དངུལ་ཡོང་ཁུངས་མང་དུ་ཧུར་ཐག་གཏོང་བའི་མ་འཇོག་གྲོས་མཐུན་འགའི་དང་པོ་དེ་རེད”ཅེས་བརྗོད།

    མཱ་ཏེ་པུའུ་ལིས། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་ཀྱིས་རྣམ་གྲངས་དེའི་ལག་བསྟར་དུས་མཚམས་ཧྲིལ་པོར་ཨ་སྒོར་དུང་ཕྱུར་1500གཏོང་རྒྱུ་རེད་ཅེས་བརྗོད།

    མིག་སྔར་ཨེ་ཅིབ་ལ་ཕྱི་དངུལ་མི་འདང་བའི་གནད་དོན་ཚབས་ཆེན་འཕྲད་ཡོད་པས། ཨེ་ཅིབ་སྲིད་གཞུང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་གྲོས་མོལ་བྱས་ནས་མ་དངུལ་གྱི་རྒྱབ་སྐྱོར་ཐོབ་ཐབས་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།