འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་།
འབྲི་ཆུའི་ཆུའི་སྤུས་ཚད་བདེ་འཇགས་སྲུང་མཁན་ཡག་པོ་ཞིག་བྱེད་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཆུང་ནི་ཝུའུ་ཧན་གྲོང་ཁྱེར་ཆུ་དོན་ཚོགས་པའི་ཙུང་ཀོན་ཆུ་བཟོ་གྲྭའི་ཆུའི་སྤུས་ཚད་ཞིབ་དཔྱད་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཞིག་རེད། 2023ལོར་ཝང་ཆུང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིར་བདམས་ཡོད། འགན་འཁྲི་སྒྲུབ་པའི་ལོ་གཅིག་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་ལག་རྩལ་གྱི་འགག་སྒྲོལ་བྱས་ནས་འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་འགན་ལེན་བྱས་ཡོད། ཝང་ཆུང་གིས་འབྲི་ཆུའི་ཆུའི་སྤུས་ཚད་བདེ་འཇགས་སྲུང་མཁན་ཡག་པོ་ཞིག་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ཝང་ཆུང་གིས་འབྲེལ་ཡོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲོས་འགོ་5འཁྱེར་ནས་པེ་ཅིང་ལ་ཕེབས་རྒྱུ་རེད། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཝུའུ་ཧན་གྲོང་ཁྱེར་ཆུ་དོན་ཚོགས་པའི་ཙུང་ཀོན་ཆུ་བཟོ་གྲྭའི་ཆུའི་སྤུས་ཚད་ཞིབ་དཔྱད་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཝང་ཆུང་ཡིན་པ།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡུང་ཁྲེང་གིས་དབང་པོ་སྐྱོན་ཅན་གྱི་བསམ་འདུན་ཚོགས་ཆེན་ཐོག་འཁྱེར་རྒྱུ་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཡུང་ཁྲེང་གིས་ཀྲུང་གོ་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གོ་ལོང་བའི་འཕུར་མཉེད་སློབ་ཚོགས་ཀྱི་ཚོགས་གཙོ་སོགས་ཀྱི་འགན་འཁུར་བཞིན་ཡོད། ཝང་ཡུང་ཁྲེང་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་འཐུས་མིའི་ཁྲོད་ཀྱི་ལོང་བའི་འཐུས་མི་འབའ་ཞིག་དེ་རེད། འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་ཝང་ཡུང་ཁྲེང་གིས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་པོ་སྐྱོན་ཅན་གྱི་རྒན་གསོའི་དམིགས་བསལ་དགོས་མཁོར་མཐོང་ཆེན་བྱེད་པ། དེ་བཞིན་མཚོ་འགག་ངོགས་གཉིས་ཀྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་འགོ་གཉིས་གྲ་སྒྲིག་གནང་ཡོད། འདི་ནི་ཝང་ཡུང་ཁྲེང་གིས་ཧྥུའུ་ཅན་གྲོང་ཁྱེར་གྱི་མཚོ་འགག་ལོང་བའི་འཕུར་མཉེད་མཛུབ་ཁྲིད་ལྟེ་གནས་ཀྱི་ལས་དོན་ཁང་དུ་ལོང་བའི་ཡི་གེའི་གྲོས་འགོའི་དཔྱད་གཞི་ལེགས་སྒྲིག་བྱེད་བཞིན་པ།