དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2024ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-03-01

    ཚེས་27ཉིན། ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་གྱི་2024ལོའི་ལོ་འཁོར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཆེད་མངགས་གསན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། 2023ལོའི་ལོ་འཁོར་གྱི་གྲུབ་འབྲས་ལ་ཕྱོགས་སྡོམ། སྔོན་ཐོན་ལ་གཟེངས་བསྟོད། 2024ལོའི་ལོ་འཁོར་གྱི་ལས་འགན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྷ་སའི་ལྷོ་རི་བྱང་རི་སྔོ་འགྱུར་བཀོད་འདོམས་པུའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ནན་བཤད་གནང་དོན། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས“ཤིང་མང་ཙམ་འཛུགས་རྒྱུར”དམིགས་ནས“སྔོ་ལྗང་ནུས་སྐྱེད”ཐད་ཤུགས་སྣོན་རྒྱག་དགོས་ཤིང་། དམིགས་ཚད་ལ་དམ་པོར་དམིགས་པ་དང་། མྱུར་ཚད་མགྱོགས་སུ་གཏོང་བ། སྒྲིག་འཛུགས་ཚན་རིག་དང་མཐུན་པ་བྱེད་པ། སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ནགས་བཟོ་སྔོ་འགྱུར་གྱི་ལས་འགན་ལེགས་སྒྲུབ་བྱེད་དགོས། ཚན་རིག་དང་མཐུན་པའི་མྱུ་གུ་འདེམས་གསོ་དང་། རྨང་གཞིའི་སྒྲིག་བཀོད་སྔོན་ལ་འབྱོར་བ། ལག་རྩལ་སྒྲིག་སྲོལ་ནན་དུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཡུག་གཅིག་ལ་འཛུགས་པ་དང་། ཡུག་གཅིག་གསོན་པ། ཡུག་གཅིག་ནགས་ཚལ་དུ་འགྱུར་བ་བཅས་བྱེད་དགོས། “ལྗོན་ཤིང་ལ་དོ་དམ་ཡག་པོ་བྱེད་པར”དམིགས་ནས“སྔོ་ལྗང་སྲུང་བའི”ཐད་ཤུགས་སྣོན་རྒྱག་དགོས། ལྕགས་རི་བརྟན་དུ་གཏོང་བ་དང་། སྒོ་ཕྱུགས་ལ་དོ་དམ། གནོད་འཚེ་འགོག་ཟོན། ཕན་འབྲས་ཆེར་གཏོང་། སྒྱུར་བཅོས་གཏིང་ཟབ་བཅས་བྱས་ནས་ནགས་བཟོ་སྔོ་འགྱུར་གྱི་ཕན་འབྲས་ཆེ་རུཟམ་མི་ཆད་པར་གཏོང་དགོས། རིམ་ཁག་འབྲེལ་ཡོད་སྡེ་ཚན་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། མ་དངུལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ། དྲིལ་བསྒྲགས་དང་སྐུལ་སློང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ལྷོ་རི་བྱང་རི་སྔོ་འགྱུར་ལ་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།