དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་འཕག་མཆོང་རུ་ཁག་ལ་འཛམ་གླིང་བུམ་པའི་པ་ཁུའུ་ས་ཚིགས་ནས་འབྲས་བཟང་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-02-29

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། 2024ལོའི་རྒྱལ་སྤྱིའི་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་འཕག་མཆོང་གི་འཛམ་གླིང་བུམ་པའི་ས་ཚིགས་དང་པོ་པ་ཁུའུ་ས་ཚིགས་ཀྱི་འགྲན་བསྡུར་པེ་ཅིང་གི་དུས་ཚོད་ཚེས་25ཉིན་མཇུག་འགྲིལ་ཞིང་། ཀྲུང་གོའི་འཕག་མཆོང་རུ་ཁག་ལ་གསེར་གྱི་རྟགས་མ་3དང་དངུལ་གྱི་རྟགས་མ་2ཐོབ་ནས་འགོ་ཡག་པོ་ཞིག་བཙུགས་ཐུབ་པ་བྱུང་བ་རེད།

    ད་ཐེངས་ཀྱི་འཛམ་གླིང་བུམ་པའི་འགྲན་བསྡུར་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ཡིན་ལ། འདི་ལོའི་ཀྲུང་གོའི་འཕག་མཆོང་རུ་ཁག་རྒྱལ་སྤྱིའི་འགྲན་རར་ཞུགས་ཐེངས་དང་པོ་ཡང་ཡིན། སྒྲིག་སྲོལ་ལ་གཞིགས་ན། ན་ནིང་དང་འདི་ལོར་ཁྱོན་འཛམ་གླིང་བུམ་པའི་ཡན་ལག་ས་ཚིགས་ཀྱི་འགྲན་བསྡུར་ལྔ་ཡོད་པ་དེ་དག་ནི་ཨོ་རྩལ་འགྲན་ཚོགས་ཀྱི་ཐོབ་ཐང་འགྲན་བསྡུར་ཡིན་པ་དང་ཀྲུང་གོའི་འཕག་མཆོང་རུ་ཁག་ལ་ན་ནིང་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ལྡན་ཡོད་པ་རེད།

    ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འཕག་མཆོང་རྣམ་གྲངས་ལ་ཁྱོན་གསེར་གྱི་རྟགས་མ་གཉིས་ཡོད་པ་དེ་དག་ནི་སྐྱེས་པའི་དྲ་ཐོག་གི་མི་སྒེར་དང་བུད་མེད་ཀྱི་དྲ་ཐོག་གི་མི་སྒེར་རེད། ཀྲུང་གོའི་ལུས་རྩལ་པ་ཝང་ཙེ་སའེ་ཡིས་སྐྱེས་པའི་དྲ་ཐོག་གི་མི་སྒེར་གྱི་མཐའ་བསྡུར་ནང་འགྲན་ར་ཡོངས་ཀྱི་དཀའ་ཚེགས་ཆེ་ཤོས་ཀྱི་སྐར་གྲངས་18.0ཐོབ་པ་དང་འབྲེལ་སྤྱིའི་སྐར་གྲངས་62.160ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། ཡན་ལང་ཡུས་ཀྱིས་སྐར་གྲངས་61.990གྱི་ཐོག་ནས་ཨང་གཉིས་པ་བླངས་པ་རེད།

    ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཀྲུའུ་ཞུའེ་ཡིང་གིས་མཐའ་བསྡུར་ནང་སློབ་གཞིར་བསྟན་པ་ལྟ་བུའི་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོད་དེ་སྐར་མ་56.920གྱི་ཐོག་ནས་བུད་མེད་ཀྱི་དྲ་ཐོག་གི་མི་སྒེར་གྱི་ཨང་དང་པོ་བླངས་པ་དང་། ཧུའུ་ཡིས་ཁྲེང་གིས་ཨང་བཞི་པ་བླངས་པ་རེད།

    གཞན་ཡང་ཀྲུང་གོའི་སྐྱེས་པའི་ཆ་སྒྲིག་ལུས་རྩལ་པ་ཀྲོའུ་ཅེ་དང་ཧྥུའུ་ཝེ་ཅན་ལ་ཨང་དང་པོ་ཐོབ་པ་དང་བུད་མེད་ཀྱི་ཆ་སྒྲིག་ལུས་རྩལ་པ་ཚའོ་ཡུན་ཀྲུའུ་དང་ཀྲང་ཤིན་ཤིན་ལ་དངུལ་གྱི་རྟགས་མ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།