དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གནའ་བོའི་ཕོ་བྲང་གི་རྩ་ཆེའི་ཆུ་ཚོད་དབྱིན་ཇིར་འགྲེམས་སྟོན་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-29

    འདི་ནི་ཟླ་2ཚེས་1ཉིན་སྤེལ་བའི་ལོན་ཏོན་གྱི་དབྱིན་ཇིའི་ཚན་རིག་རྟེན་མཛོད་ཁང་དུ“ཀྲུང་དབྱིན་གྱི་ཆུ་ཚོད་ལག་རྩལ་སྤེལ་རེས་འགྲེམས་སྟོན”བྱས་ཤིང་། འདི་ནི་མི་རྣམས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།

    དབྱིན་ཇིའི་ཚན་རིག་རྟེན་མཛོད་ཁང་གི་འགྲེམས་སྟོན་གྱི་འཛུལ་སྒོར་སྤུས་དག་པའི་འཕྲུལ་ཆས་ཀྱི་ཆུ་ཚོད་གཅིག་བཞག་ཡོད། དེ་ནི་མཆོད་རྟེན་གཟུགས་ལས་གྲུབ་ཡོད། གལ་ཏེ་སྤུས་དག་གི་སྒྲིག་ཆས་འདིར་གཅུ་འཁོར་བརྒྱབ་ན་མཆོད་རྟེན་གཟུགས་དེ་རིམ་གྱིས་མཐོ་རུ་འགྲོ་གི་ཡོད།

    ཆུ་ཚོད་དེ་ནི་ཀྲུང་གོའི་གནའ་བོའི་ཕོ་བྲང་གི་རྟེན་མཛོད་ཁང་གི་ཡིན་པ་དང་དུས་རབས་18པར་བཟོས་པ་ཞིག་རེད། ད་ཐེངས་ཀྲུང་གོའི་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་ཆུ་ཚོད་23དབྱིན་ཇིའི་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་སྟོན་བྱས་པ་དེ་ཐོག་ནས་ཀྲུང་གོ་དང་འཛམ་གླིང་དབར་འགྲོ་འོང་དང་སྤེལ་རེས་བྱས་པའི་ལོ་རྒྱུས་མཚོན་གྱི་ཡོད།

    ཉར་ཚགས་དངོས་རྫས་དེ་དག་ནང་ཀྲུང་གོའི་རིག་གནས་མཚོན་རྟགས་མང་པོ་ཚུད་པ་དང་། ཁག་གཅིག་སྲོག་ཆགས་དང་རྩི་ཤིང་གི་གཟུགས་བརྙན་ཡིན་ལ། ཡང་ཁག་གཅིག་ཞིང་ནང་གི་ཡུལ་ལྗོངས་དང་དམངས་སྲོལ་གྱི་ནང་དོན་བཀོད་ནས་ལག་ཤེས་པའི་འཕྲུལ་ཆས་བཟོ་སྐྲུན་དང་། བརྐོས་དཀྲོལ། གཡུ་རྩི་སོགས་ཀྱི་རྩེར་སོན་ལག་རྩལ་མངོན་ཡོད། བཟོ་བཀོད་ལེགས་པའི་སྒྲིག་ཆས་སྣ་ཚོགས་ལས་ལྟ་སྐོར་བ་ཧ་ལས་ཧང་སངས་པར་འགྱུར་ཡོད།

    ཆུ་ཚོད་ལ་སྐྱོན་མི་ཤོར་བ་བྱ་ཆེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་འགུལ་མེད་འགྲེམས་སྟོན་གཙོ་བོར་བྱས་ཡོད། ཡིན་ནའང་འགྲེམས་ཁང་གི་ཕྱོགས་གང་སར་སྙན་ཞིང་འཇེབས་པའི་ཆུ་ཚོད་ཀྱི་སྒྲ་ལྷང་ལྷང་དུ་གྲགས་པ་ལས་ངོ་མཚར་ཆེ་བའི་རྣམ་པ་ཞིག་བཏོད་ཡོད།

    ད་ཐེངས་ཀྱི་འགྲེམས་སྟོན་ནི་སྤྱི་དམངས་ལ་ཟླ་6ཚེས་2ཉིན་བར་སྒོ་ཕྱེ་རྒྱུ་རེད།

    —— དབྱིན་ཇིའི《ཉིན་རེའི་གློག་འཕྲིན་ཚགས་པར》གྱི་དྲ་ཚིགས་ནས་འབྱོར་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།