དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རིགས་གཅིག་མཁས་ཅན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལས་ཀྲུང་གོ་དང་ཧང་ག་རིའི་མཛའ་གྲོགས་ཟབ་ཏུ་ཕྱིན་པར་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-02-29

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་ཏ་ཕེ་སི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར“སྤུས་ཚད་མཐོ་པོས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ”ཧང་ག་རིའི་རྒྱལ་ས་པུ་ཏ་ཕེ་སི་རུ་འཚོགས་པ་རེད། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཀྲུང་གོ་དང་ཧང་ག་རིར་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས་ཀྲུང་ཧང་གི་མཛའ་གྲོགས་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་རེད།

    དུས་ཡུན་རིང་པོའི་ནང་ཧང་ག་རིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོར་མཛའ་མཐུན་སྲིད་ཇུས་ལག་ལེན་བསྟར་བས་ཀྲུང་གོ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྲིད་གཞུང་དབར་གྱི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་མཁན་ཡོ་རོབ་རྒྱལ་ཁབ་སྔ་ཤོས་ཡིན་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་པ་རེད།

    ཧང་ག་རིའི་གཡོད་ཧན·ཧྥུང·ནུའོ་དབྱི་མན་སློབ་ཆེན་ཡོ་རོབ་དང་ཨེ་ཤེ་ཡའི་ལྟེ་གནས་ཀྱི་ཀྲུའུ་རེན་ཧོར་ཝ་ཐེ·ལེ་ཝུན་ཐེ་ཡིས(རྒྱ་སྐད་གྱི་མིང་ལ་ལེ་ཝུན་ཐེ)ཚོགས་འདུའི་ཐོག ཧང་ག་རིའི“ཤར་ཕྱོགས་སུ་སྒོ་དབྱེའི”འཐབ་ཇུས་དེ་ཤར་ནུབ་འབྲེལ་མཐུད་བྱེད་པའི་འབྲེལ་ཟམ་དུ་གཏན་འཁེལ་བྱས་ཡོད། ཧང་ག་རིས“ཤར་ཕྱོགས་སུ་སྒོ་དབྱེའི”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཧང་ག་རིའི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀེར་ཀའེ་དབྱི·ཧྲའོ་ལ་ཐེས(རྒྱ་སྐད་ཀྱི་མིང་ལ་ཧྲའོ་ལའེ་ཐེ)ཧང་ག་རིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་དོན་ནི་ཧང་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་འདྲ་བའི་ཆ་མང་པོ་ཡོད་པ་དང་རྒྱལ་ཁབ་གཉིས་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུ་དེ་འགག་རྩའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སུ་བརྩིས་པས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་རྒྱལ་ཁབ་གཉིས་པོས་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཡིན་པའི་ཧང་ག་རིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པ་དེས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཁག་དང་མཉམ་སྦྲེལ་མཉམ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་ལ་རྒྱལ་ཁབ་གཞན་དག་དང་མཉམ་ལས་བྱེད་པའི་གོ་སྐབས་མང་དུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།

    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་བཏོན་ནས་ལོ་11སོང་ཞིང་། ཧང་ག་རིའི“ཤར་ཕྱོགས་སུ་སྒོ་དབྱེའི”འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སྦྲེལ་མཐུད་གཏིང་ཟབ་བྱེད་པའི་རྒྱབ་ལྗོངས་འོག ཀྲུང་ཧང་གི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཉེ་བའི་ལོ་ཤས་རིང་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། འདི་ལོ་ནི་ཀྲུང་ཧང་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་ཅན་གྱིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་དེས་རྒྱལ་ཁབ་གཉིས་པོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ནས་ཀྲུང་ཧང་དབར་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་བའི་ངོས་འཛིན་བྱས་པ་རེད།

    ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཤིན་ཧྭ་གསར་འགྱུར་ཁང་གི་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པ་ཞིག་རེད། ཤིན་ཧྭ་གསར་འགྱུར་ཁང་གི་ཞིབ་འཇུག་ཁང་གི་རིགས་གཅིག་མཁས་ཅན་གྱིས་ཚོགས་འདུར་ཞུགས་མཁན་སྐུ་མགྲོན་ལ་ཤིན་ཧྭ་གསར་འགྱུར་ཁང་གི་རྒྱལ་ཁབ་ཀྱི་རྩེར་སོན་ཇུས་འདོན་ཚོགས་པའི་ཞིབ་འཇུག་གྲུབ་འབྲས་ངོ་སྤྲོད་བྱས་པ་རེད།

    2019ལོའི་ཟླ་4པར་ཤིན་ཧྭ་གསར་འགྱུར་ཁང་གི་ཞིབ་འཇུག་ཁང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཇུས་འདོན་ཚོགས་པ་15དང་མཉམ་འབྲེལ་ཐོག“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་ཇུས་འདོན་ཚོགས་པའི་མཉམ་ལས་ཨུ་ལྷན་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། མིག་སྔར་གོ་ལ་ཧྲིལ་པོའི་ཇུས་འདོན་ཚོགས་པ་130ལྷག་ཙམ་ཞུགས་ནས《“རྒྱུད་གཅིག་ལམ་གཅིག”གི་འཕེལ་རྒྱས་རིག་པ》སོགས་ཇུས་འདོན་ཚོགས་པའི་སྙན་ཞུ་བཏོན་པས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།