དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱས་པ།

    མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་ཉམས་བཟང་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-29

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས“ཏང་འཛུགས་སྐྱོང་གི་སྣེ་ཁྲིད་+མི་རིགས་མཐུན་སྒྲིལ་+གཞི་རིམ་བཅོས་སྐྱོང”གི་ལས་ཀའི་བྱེད་ཐབས་འཚོལ་ཞིབ་དང་ཁྱབ་གདལ་བཏང་སྟེ། ས་ཁོངས་ཧྲིལ་པོར་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ཕྱོགས་ཡོངས་དང་། གཏིང་ཟབ། རྒྱུན་མཐུད་བཅས་ཀྱི་སྒོ་ནས་སྤེལ་ཏེ། མི་རིགས་ཁག་གི་མི་དམངས་སེམས་པ་གཅིག་མཐུན་དང་། མཉམ་སྡོད་མཉམ་སྦྱོང་། མཉམ་སྐྲུན་མཉམ་སྤྱོད། ཕྱར་བ་གྲུ་འདེགས། ཁྲེལ་གྲགས་མཉམ་འཁུར་བཅས་ཀྱི་མཚར་སྡུག་བཀྲ་བའི་ལེའུ་བརྩམས་པས། སྡེ་ཁུལ་དུ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། མི་རིགས་ཁག་གི་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

    མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་གཏིང་ཟབ་ཏུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་མཉམ་སྐྲུན་དྲ་བ་ཚགས་དམ་དུ་གཏོང་བ། མི་རིགས་མང་པོའི་མཉམ་འདྲེས་དོན་གྲོས་ཀྱི་གཡུལ་ས་འཛུགས་པ། དུས་ངེས་མེད་དུ་ཏང་འཛུགས་སྐྱོང་གི་མཉམ་སྐྲུན་དོན་གྲོས་ཚོགས་འདུ་འཚོག་པ། ཁོངས་གཏོགས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་མཐུན་སྦྱོར་བཅས་བྱས་ཏེ། སྡེ་ཁུལ་བཅོས་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། “ཏང་ཨུད་ཆེན་པོ་དང་། ཀྲི་པུའུ་ཆུང་གྲས་དོ་བདག་གི་ཚོགས་འདུ”བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་སྤྱད་དེ་མང་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོའི་སྟོན་ཕྱོགས་ལམ་སྲོལ་བཙུགས་པས། “འཚོལ་བསྡུ་དང་། གྲོས་མོལ། དོན་འཁྱོལ། ཚུར་ལན”སོགས་ཀྱི་མ་ལག་ཅིག་གྲུབ་ཡོད་པ་རེད།

    ཕྱོགས་མང་པོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ལོ་ལྟར“མི་རིགས་མཐུན་སྒྲིལ་གྱི་འཆད་འཁྲིད་བཞིའི་བྱེད་སྒོར”སྐུལ་འདེད་ནུས་ལྡན་གཏོང་བ་མཐའ་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་འཆད་འཁྲིད་ཐེངས་གཉིས་དང་། ཆེད་ལས་མཁས་པས་འཆད་ཁྲིད་ཐེངས་གཉིས། སྔོན་ཐོན་དཔེ་བཟང་བས་འཆད་འཁྲིད་ཐེངས་གཉིས། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་འགྲེམས་ཁང་དུ་དབྱིངས་ཞུགས་རྣམ་པའི་འཆད་འཁྲིད་ཐེངས་13བཅས་བྱས་པ་དང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། འཚམས་འདྲི་དང་། འཚོ་བར་ལྟ་རྟོག རིག་གནས་བྱེད་སྒོ་སྤེལ་བ། དུས་ཆེན་མཉམ་གཏོང་། སྲིད་ཇུས་སྒྲོག་འགྲེལ་སོགས་ནང་དོན་ཕུན་སུམ་ཚོགས་པའི་ཞབས་ཞུའི་ལས་དོན་སྤེལ་བ་བརྒྱུད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་སྡེ་ཁུལ་གྱི་ལས་དོན་ཁག་གི་ཁྲོད་མཉམ་འདྲེས་ཐུབ་ནས་སྡེ་ཁུལ་འཇུག་སྒོར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་དོན་ཆེན་ཡག་པོ་བསྒྲུབས་ཡོད། འདི་ལོ་ཚུན་དུ་སྔ་རྗེས་སུ་མཉམ་སྐྲུན་གྲོས་བསྡུར་ཚོགས་འདུ་ཐེངས་4འཚོགས་ནས། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་རིག་རྩལ་བྱེད་སྒོ་ཐེངས་5སྤེལ་བ་དང་། སྲིད་ཇུས་དྲིལ་བསྒྲགས་ཐེངས་41བྱས་པ་རེད།

    མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཡུལ་མིའི་དགོས་མཁོའི་གསལ་ཐོ་བཟོས་པ་དང་མང་ཚོགས་ཀྱི་དོན་གྲོས་ཁང་བཙུགས་ཏེ་བླང་དོར་མཁས་པ་དང་སེམས་རྩ་འཁོལ་བའི་སྤྱི་ཕན་མི་སྣ་སྒྲིག་འཛུགས་བྱས་ཤིང་། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་གནས་སྟངས་དང་ཁེ་ཕན་གྱི་རེ་ཞུ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཡོད། རང་འགུལ་ངང་དུད་ཁྱིམ་དུ་སྐྱོད་པ་དང་། སྡེ་ཁུལ་གྱི་ཐད་སྦྲེལ་ཁ་པར་འཛུགས་པ། བསམ་འཆར་སྒམ་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོངས་གཏོགས་ཁུལ་གྱི་མི་དམངས་ཀྱི་གནས་ཚུལ་དང་བསམ་འདུན་དང་དོན་གནད་ཕྱོགས་ཡོངས་ནས་བསྡུ་རུབ་བྱས་པས་ཡུལ་མིའི་དགོས་མཁོའི་གསལ་ཐོའི་གནས་སྟངས་གྲུབ་ཡོད། དྲ་མིག་ཚན་པའི་ཐོན་ཁུངས་ཀྱི་གསལ་ཐོ་བསྡུ་རུབ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་ཚན་པ་དང་ཁེ་ལས་སོགས་ཀྱི་ལེགས་ཆའི་ཐོན་ཁུངས་གསལ་བཟོ་བྱས་པ་དང་། ཁོངས་གཏོགས་ཁུལ་གྱི་རྒན་བཀུར་གཞོན་གཅེས་དང་། འགལ་ཟླ་སེལ་བ། ཆ་སྒྲིག་རོགས་སྐྱོར་སོགས་ཀྱི་ཁྱད་ལྡན་དང་བླངས་ཞབས་ཞུ་བསྡུ་སྒྲིལ་བྱས་པ། “ལྡེ་མིག་དམར་པོའི”དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ། “གོང་འོག་མཉམ་འགུལ”དང“གཡས་གཡོན་མཉམ་འགུལ”ནུས་ལྡན་ཆགས་པ། ཐག་གཅོད་ཀྱི་དགོས་མཁོ་སྔར་བས་གནད་སྨིན་དང་སྔར་བས་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད། “གསལ་ཐོ་གཉིས”མཉམ་འདྲེས་འབྲེལ་མཐུད་དང་ལྟ་བསྡུར་རྩིས་ལེན་བྱས་ནས་དུས་བཀག་ནང་འཕྲོད་བསྟེན་བདེ་ཐང་གི་འོས་འགན་སྨན་བཅོས་དང་། ཁྱིམ་དུ་བཅའ་ཁྲིམས་ཞབས་ཞུ་ཁྱབ་པ། ཁྱིམ་མཚེས་དབར་གྱི་རོགས་རེས་བྱེད་སྒོ་སོགས་རྒྱུན་རྣམ་ཅན་གྱི་དང་བླངས་ཞབས་འདེགས་མང་པོ་ཞུས་ཤིང་། མང་ཚོགས་ཀྱི“སྒོ་རྩར”ཞབས་ཞུ་དང་དྲོ་སྐྱིད་ཁྱབ་པར་བྱས་པས་མང་ཚོགས་514ལ་ཕན་པ་ཐོབ་ཡོད།

    དམངས་ཆེད་དང་། དམངས་ཕན། དམངས་བདེ་བཅས་ཀྱི་གྲངས་འཛིན་སྡེ་ཁུལ་བཅོས་སྐྱོང་བྱེད་སྟངས་ཏན་ཏིག་གཏོད་ཆེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཞི་རིམ་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད། མཐུན་སྒྲིལ་གྲོང་གསར་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲངས་འཛིན་ཅན་སྡེ་ཁུལ་བཅོས་སྐྱོང་གི་མ་ལག་དང་མཉམ་འདྲེས་ཡོང་བར་བྱས་ནས་གྲངས་གཞི་སྣ་ཚོགས་བསྡུ་རུབ་དང་། དྲ་མིག་མི་སྣའི་ཐོན་ཁུངས་བསྡུ་སྒྲིལ། རིག་ལྡན་སྡེ་ཁུལ་གྱི་ལས་སྟེགས་འཛུགས་སྐྱོང་། རབ་གསལ་བརྙན་མིག་328བསྒར་བ། སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་དང་རྒན་རྒོན་མི་ཧྲེང་སོགས་ལ་གློག་རྡུལ་ཡིག་ཚགས་བཟོ་བ་བཅས་བྱས་པས། རྒྱུན་གཏན་མིན་པའི་གནས་ཚུལ་དང་ཉེན་ཁའི་དོན་རྐྱེན་ཐོན་ཚེ་རིག་ནུས་སྔོན་ཟོན་དང་དུས་ཐོག་ཏུ་བརྡ་སྐྱེལ་བྱེད་ཐུབ། ལོ་སྔོན་མ་དང་བསྡུར་ན། སྡེ་ཁུལ་གྱི་བདེ་འཇགས་སྒྲིག་ལམ་བཟང་བ་དང་། བགྲོད་ལམ་འགྲིམ་འགྲུལ་ཤར་གཏོང་བྱུང་བ། ཤུགས་རྐྱེན་ཆེ་བའི་གྱོད་གཞི་དང་དོན་རྐྱེན་ཆེན་པོ་ཐོན་མེད་པ་མ་ཟད། བདེ་འཇགས་རིགས་ཀྱི་ཉེན་དོན་གནས་ཚུལ་ཐོན་ཚད་དུས་མཚུངས་ལས་18.88%ཆག་ནས་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ལེགས་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།