དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    མ་ལེ་ཞི་ཡའི་ཙུང་ལིས་ནུབ་ཕྱོགས་ཀྱི“ཀྲུང་གོར་སྐྲག་པའི་ནད”ཅེས་པར་སྐྱོན་བརྗོད་བྱས་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་འདུན་མཚོན་པ།

  • ཡོང་ཁུངས།   ​ ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-28

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཀྱི“ཀྲུང་གོར་སྐྲག་པའི་ནད”ཅེས་པར་སྐྱོན་བརྗོད་བྱས་པ་དང་། ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཙུང་ལི་ཨན་ཝར་གྱི་རྣམ་འགྱུར་ལས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བསམ་འདུན་མཚོན་ཡོད་ཅེས་དང་། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་རེད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གྱི་བཅར་འདྲི་དང་ལེན་བྱེད་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཀྱི“ཀྲུང་གོར་སྐྲག་པའི་ནད”ཅེས་པར་སྐྱོན་བརྗོད་བྱས་པ་དང་མ་ལེ་ཞི་ཡས་བར་སྡོད་དང་རང་བརྟེན་མཐའ་འཁྱོངས་བྱེད་པ་ལས། ཨ་རིའི་ཆེད་དུ་ཀྲུང་གོར“བསྙད་རྐོ་བའི”བྱ་སྤྱོད་སྤེལ་གྱི་མིན་ཞེས་ནན་བཤད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    “ཙུང་ལི་ཨན་ཝར་གྱི་རྣམ་འགྱུར་ལས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་བཙན་རང་བདག་དང་འཕེལ་རྒྱས་དོན་གཉེར་མཐའ་འཁྱོངས་བྱེད་པའི་བསམ་འདུན་མཚོན་ཡོད” མའོ་ཉིང་གིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་གི་གོ་སྐབས་ཤིག་ཡིན་པ་ལས་མི་སུ་འདྲ་ཞིག་ལའང་འཇིགས་སྐུལ་བཟོ་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཤོག་ཁག་སྒྲིག་སྟེ་ཁ་གཏད་དུ་ལངས་པ་དང་ཉེ་དགའ་ཕྱོགས་ཞེན་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    “ང་ཚོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མུ་མཐུད་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་མཐུན་མཉམ་ལས་འཕེལ་རྒྱས་བཏང་སྟེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དར་སྤེལ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།