དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེའི་རྒྱལ་སའི་གཙང་པོ་སྒྲོལ་བའི་ཟམ་ཆེན་གྱི་རྣམ་གྲངས་སྐྲུན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-28

    ཉེ་ཆར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁམ་ཕུ་ཁྲེའི་པའེ་ཏ་ལུང་པཱ་སཱ་གཙང་པོའི་ཟམ་ཆེན་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་དུ་འཚོགས་པ་རེད།

    ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་མཱ་ནའེ་ཡིས་མཛད་སྒོའི་ཐོག་ཀྲུང་གོས་སྔར་ནས་བཟུང་ཁམ་ཕུ་ཁྲེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་མང་པོ་བྱས་པ་དང་ལྷག་པར་དུ་ཁམ་ཕུ་ཁྲེས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་པར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ད་བར་མ་དངུལ་སྣ་ཚོགས་སྤྱད་དེ་ཁམ་ཕུ་ཁྲེར་ཟམ་ཆེན་10ལྷག་ཙམ་བསྐྲུན་པས་ཁམ་ཕུ་ཁྲེ་སྲིད་གཞུང་དང་མི་དམངས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 2024ལོ་ནི“ཀྲུང་ཁམ་རྒྱལ་ཁབ་གཉིས་ཀྱི་མི་ཆོས་རིག་གནས་སྤེལ་རེས་ལོ”ཡིན་པས་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་ཁག་གི་མཛའ་མཐུན་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་སླར་གསོར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།