དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་C919རྟགས་ཅན་གྱི་གནམ་གྲུ་ཆེ་གྲས་ཕྱི་རྒྱལ་དུ་ཐོག་མར་འགྲེམས་སྟོན་བྱས་པར་མི་རྣམས་ཀྱི་དོ་ཁུར་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-28

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་སིང་ཀ་ཕོར་ནས་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་འགོ་ཚུགས་པའི་སིང་ཀ་ཕོར་གྱི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཐོག ཀྲུང་གོས་ཐོན་སྐྱེད་བྱས་པའི་C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེ་གྲས་དང་ARJ21རྟགས་ཅན་གྱི་ཡན་ལག་མཁའ་ལམ་གནམ་གྲུ་ཐོག་མར་འགྲེམས་སྟོན་བྱས་པར་ཆེད་ལས་ལྟད་མོ་བ་དང་རྒྱལ་ཁབ་ཁག་གི་སྨྱན་སྦྱོར་གྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད།

    ཚེས་18ཉིན་གྱི་སྨྱན་སྦྱོར་ཚོགས་འདུའི་ཐོག་སིང་ཀ་ཕོར་གྱི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཀྱི་གཙོ་གཉེར་ཕྱོགས་ཨའེ་ཁེ་སི་ཕེ་ལི་ཡ་ཚོགས་འགྲེམས་ཀུང་སིས་ཀྲུང་གོའི་ཁེ་ལས་དང་C919རྟགས་ཅན་གྱི་གནམ་གྲུ་འགྲེམས་ཚོགས་ནང་ཞུགས་པའི་གནས་ཚུལ་གཙོ་གནད་ཐོག་ངོ་སྤྲོད་བྱས་པ་རེད། གསར་འགོད་པས་ཀྲུང་གོའི་འབྲེལ་ཡོད་ཁེ་ལས་དང་འགྲེམས་ཚོགས་ནང་ཞུགས་པའི་གནམ་གྲུའི་སྐོར་ཐེངས་མང་དྲིས་ཡོད།

    མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་འགོ་ཚུགས་པའི་ཉིན་དེར་འགྲེམས་ཁང་ནང་C919རྟགས་ཅན་གྱི་བཟོ་སྐྲུན་ཚོང་པ་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིའི་འགྲེམས་སྟེགས་མདུན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། ལས་རིགས་ནང་ཁུལ་གྱི་མི་སྣ་དང་སྨྱན་སྦྱོར་མང་པོའི་བདེན་དཔང་འོག་ཀྲུང་གོ་བོད་ལྗོངས་མཁའ་འགྲུལ་ཀུང་སི་དང་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་ཀུང་སིའི་དབར་C919རྟགས་ཅན་གྱི“ས་མཐོའི་དབྱིབས་ཅན”གྱི་གནམ་གྲུ་40ཉོ་རྒྱུའི་མངགས་ཐོར་མིང་རྟགས་བཀོད་པ་ལས་གནམ་གྲུ་དེ་རིགས་སྤྱོད་མཁན་ཐོག་མར་གྱུར་ཡོད། “ས་མཐོའི་དབྱིབས་ཅན”གྱི་C919རྟགས་ཅན་གནམ་གྲུ་ནི་C919རྟགས་ཅན་གྱི་གནམ་གྲུའི་རིམ་སྤེལ་ཅན་གྱི་འཕེལ་རྒྱས་ཀྱི་གནམ་གྲུའི་བཟོ་དབྱིབས་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། C919རྟགས་ཅན་གྱི་གཞི་རྩའི་དབྱིབས་ཅན་གྱི་རྨང་གཞིའི་ཐོག་གནམ་གྲུའི་མ་སྒྲོམ་ཆུང་དུ་གཏོང་བ་དང་བཟོ་བཅོས་བྱས་པ་བརྒྱུད་ས་མཐོའི་སྐྱེལ་འདྲེན་དགོས་མཁོ་སྐོང་ཐུབ་ཀྱི་ཡོད།

    ཉིན་དེའི་ཕྱི་དྲོར། C919རྟགས་ཅན་གྱི་གནམ་གྲུ་རྒྱལ་སྤྱིའི་ཆེད་ལས་ལྟད་མོ་བའི་མདུན་དུ་དངོས་སུ་འཕུར་སྐྱོད་བྱས་པ་དེ་ནི་ཀྲུང་གོས་བཟོས་པའི་གནམ་གྲུ་ཆེ་གྲས་ཕྱི་རྒྱལ་གྱི་མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་འགྲེམས་ཚོགས་ཐོག་འཕུར་སྐྱོད་བྱེད་ཐེངས་དང་པོ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།