དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟི་ལིང་གིས“བྱ་སྤྱོད་ཁག་བཅུ”སྤེལ་ནས་མཚོ་བོད་ས་མཐོའི་ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-28

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་གསར་འགོད་པས་ཟི་ལིང་གྲོང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱས་པར། ཟི་ལིང་གྲོང་ཁྱེར་གྱིས“བྱ་སྤྱོད་ཁག་བཅུ”དམ་འཛིན་བྱ་གཞིར་བྱས་ནས་མཚོ་བོད་ས་མཐོའི་ཤེས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན་ཧུར་ཐག་བཏོད་དེ། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་མགྱོགས་མྱུར་གཏོད་པ་དང་ཐོན་ལས་ཀྱི“ཁུལ་བཞིའི”ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ནས། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་མདུན་གྲལ་དུ་སླེབས་པ་དང་མིག་དཔེ་འདོན་པར་ཤེས་ལྡན་པའི་འདེགས་སྐྱོར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱིས“ཟི་ལིང་གི་ཕུལ་བྱུང་ཤེས་ལྡན་པའི”བྱ་སྤྱོད་འཆར་གཞི་དང་། “ནན་ཅིང་གི་རིགས་གཅིག་མཁས་ཅན་བརྒྱ་དང་། འབུམ་རམས་པ་བརྒྱ། ཁེ་ལས་མཁས་ཅན་བརྒྱ་བཅས་ཟི་ལིང་དུ་སྐྱོད་པའི་བྱ་སྤྱོད” “ཟི་ལིང་གྲོང་ཁྱེར་གྱི་དགེ་རྒན་གྲགས་ཅན་དང་། སྨན་པ་གྲགས་ཅན། རིགས་གཅིག་མཁས་ཅན་གྲགས་ཅན། བཟོ་པ་གྲགས་ཅན་བཅས་ཀྱི་ལས་དོན་ཁང”འཛུགས་གཏོད་འཆར་གཞི་སོགས་ཀྱི“བྱ་སྤྱོད་ཁག་བཅུ”སྤེལ་བ་བརྒྱུད། མཐོ་རིམ་ཤེས་ལྡན་པ་ཟི་ལིང་དུ་གསར་གཏོད་ལས་གཏོད་བྱེད་པར་ཡོང་བའི་ཡིད་དབང་བཀུག་ནས་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། གཞུང་ཁོངས་ཁེ་ལས། གྲོང་གསེབ་ཀྱི་རིག་གནས་ཡུལ་སྐོར་བཅས་ཁྱབ་ཁོངས་ཆེན་པོ་བཞི་རྨང་གཞིར་བྱས་པའི་ཤེས་ལྡན་པ་ནང་འདྲེན་དང་བློ་གྲོས་གཅིག་སྡུད་ཀྱི“ཁུལ་ཁོངས་བརྟན་པོ”ཞིག་ཆགས་པར་སྐུལ་འདེད་བཏང་སྟེ། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་གྱི“ནན་ཅིང་དང་ཟི་ལིང་གི་མཉམ་ལས་བྱ་ཐབས”ནུས་ཤུགས་ཡོད་རྒུས་བཏོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སློབ་གསོ་དང་། འཕྲོད་བསྟེན། རིག་གནས། ཁེ་ལས་སོགས་ཁྱབ་ཁོངས་སུ་ཆེད་ལས་ཀྱི་ཁྱད་ཆོས་ལྡན་པའི་བརྗོད་དོན་གཙོ་བོའི་ལས་དོན་ཁང་ཁག་གཅིག་བཏོད་དེ། ཡུལ་དེ་གའི་ཕུལ་བྱུང་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད། དུས་བཀག་ལྟར་ཟི་ལིང་དང་། མཚོ་ཤར། མཚོ་ནུབ་བཅས་ས་ཁུལ་གསུམ་གྱི་ལག་རྩལ་ཅིང་ལི་དང་ལག་རྩལ་བར་ཁེ་བའི་གསོ་སྦྱོང་བྱེད་སྒོ་སྤེལ་བ་དང་། ནན་ཅིང་དང་། ཀྲེང་ཀྲོའུ། ལན་ཀྲོའུ་སོགས་དང་ཚན་རྩལ་གྱི་མཉམ་ལས་གཏིང་ཟབ་བྱེད་པ། “ས་ཁུལ་བཞིར”དམིགས་ནས་འཛུགས་སྐྲུན་བཅས་བྱས་ཏེ་རིགས་ཁག་གི་ཤེས་ལྡན་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་གཏོང་བར་ཉེར་སྤྱོད་ཀྱི་རྣམ་པ་དེ་བས་མང་བ་མཁོ་འདོན་བྱས་པ་རེད། དམངས་འཚོའི་ཚན་རྩལ་མཉམ་འབྲེལ་འགག་སྒྲོལ་གྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ། ཚན་རྩལ་ཤེས་ལྡན་པ་གཞོན་དར་ཚོས་ལས་གྲྭའི་ཤེས་ལྡན་པ་འོས་སྦྱོར་གྱི་ལས་དོན་སྤེལ་ནས་ཚན་རྩལ་གསར་གཏོད་ཤེས་ལྡན་པས་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཡོང་ཕྱིར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུར་སྐུལ་སློང་དང་ཁྲིད་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།