དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོར།

    གྲོང་གསེབ་དར་རྒྱས་ཀྱི་སྲིད་ཇུས་སླར་ཡང་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-28

    དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱེད་རྒྱ་སྔར་བས་ཆེ་རུ་བཏང་ནས་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཀུན་གྱིས་ཤེས་པར་བྱེད་པ་དང་སེམས་ལ་ཟུག་པར་བྱེད་ཆེད། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་སྦྱར་གཞི་གྲོང་ཚོར་གྲོང་གསེབ་དར་རྒྱས་ཀྱི“སྲིད་ཇུས་སླར་ཡང་སྒྲོག་འགྲེལ་བྱེད”ཅེས་པའི་བྱེད་སྒོ་སྤེལ་བར། གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་དང་། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ། དེ་བཞིན་དབུལ་གྲོལ་དུད་ཚང་གི་མང་ཚོགས་བཅས་མི་60ལྷག་ཙམ་ཞུཌ་ཡོད།

    བྱེད་སྒོ་སྤེལ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”དང་། དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་རེ་ཞུའི་སྲིད་ཇུས། སྨན་བཅོས་རྒན་གསོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ལས་གནས་བརྟན་གཏོང་དང་ལས་ཞུཌ། དམངས་སྲིད་རོཌ་སྐྱོབ་སོགས་ཀྱི་ནང་དོན་ལ་དམིཌ་ཏེ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། དམངས་ཕན་སྲིད་ཇུས་ཁག་ལས་བྱེད་པ་དང་མང་ཚོཌ་ཀྱིས་ཤེས་རྟོགས་ཐུབ་ཚད་ཆེ་རུ་བཏང་བ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་དབུལ་གྲོལ་དུད་ཚང་ལ་ཁྲེང་ཀོན་ཆུས་ཀྱི་གྲོང་གསེབ་དར་རྒྱས་སྲིད་ཇུས་ཀྱི“ལག་རྟགས་ཆེན་པོ”སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།