“གྲངས་འཛིན་ཅན”ལ་བརྟེན་པས“ཤ་ཚལ་སྒོང་གསུམ”ཕུན་སུམ་ཚོགས་སུ་ཕྱིན་པ།
དཔྱིད་འགོར་ས་མཐོའི་ཕྱོགས་གང་སར་དྲོད་རིམ་བཞིན་སླེབས་ཤིང་། བོད་ལྗོངས་གཞིས་རྩེ་ཡན་ལག་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་ཞིག་གི་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་10ལྷག་ཙམ་སྐྱེ་འཚར་ཡག་པོ་ཡོད། ཉེ་བའི་ལོ་ཤས་རིང་། དཔུང་སྡེ་དེས་ཚན་རྩལ་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་འདེབས་གསོའི་ལག་རྩལ་རིམ་སྤོར་སོགས་བྱས་པ་བརྒྱུད་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་དང་། གཡོག་བྱེད། འཐུ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་གྲངས་འཛིན་ཅན་གྱི་གཡོག་བྱེད་ཐུབ་ནས་ཤིང་འབྲས་དང་སྔོ་ཚལ་གྱི་མཁོ་སྤྲོད་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད་པ་རེད། འདི་ནི་དཔོན་དམག་ཚོས་སྔོ་ཚལ་འཐུ་བཞིན་པ།