དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས།

    གཞིས་རྩེའི་སྲིད་འཛིན་གྲོང་ཚོ་ཡོངས་ལ“སྦར་མཐིལ་དངུལ་ཁང”ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-28

    མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་དངུལ་སྤྲོད་ཞབས་འདེགས་ཞུ་བར་སྐུལ་འདེད་བཏང་ནས། གྲོང་གསེབ་ས་ཁུལ་དུ་བསྐྱོད་དེ་སྒུལ་བདེའི་དངུལ་སྤྲོད་ཞབས་འདེགས་ཞུས་ཏེ། མང་ཚོགས་ཀྱི་ཟས་གོས་སྡོད་གསུམ་དང་འབྲེལ་བའི་སྒྲུལ་བདེའི་དངུལ་སྤྲོད་བྱེད་སྟངས་རྒྱ་ཆེར་བཏང་ཞིང་། 2023ལོའི་ལོ་མཇུག་བར། གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར“སྦར་མཐིལ་དངུལ་ཁང་གྲོང་ཚོ”ཕྱོགས་ཡོངས་ལ་ཁྱབ་པར་བྱས་པས། ཞིང་དུད་ཁྲི་7.9ལྷག་ཙམ་གྱིས་སྦར་མཐིལ་དངུལ་ཁང་དང་ཞབས་ཞུའི་སྟེགས་བུ་བརྒྱུད་དངུལ་བུན་གཡར་ཐུབ་ནས་གཞི་རིམ་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་ཐོབ་སྣང་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་གིས་རྫོང་ཁོངས་དང་ཞིང་འབྲོག་པ་མང་བ་སོགས་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ། ཁོངས་གཏོགས་ཁུལ་གྱི་ཞིང་འབྲེལ་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སྒྲིག་འཛུགས་ཧུར་ཐག་བྱས་ནས། ཞིང་པར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུའི་ས་ཚིགས་འཛུགས་སྐྲུན་ལས་གྲྭར་མཉམ་དུ་སྐུལ་འདེད་དང་། ཞིང་པར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུའི་ས་ཚིགས་ཀྱི་བྱེད་ནུས་མུ་མཐུད་མང་དུ་བཏང་བས། ས་གནས་དེ་གའི་མང་ཚོགས་ཕྱིར་སྐྱོད་མི་དགོས་པར་དངུལ་ལེན་པ་དང་། དངུལ་བསྐུར་བ། དངུལ་སྒྱུར་བ། འདྲི་རྩད། ཉོ་ཚོང་སོགས་ཀྱི་ཞབས་ཞུ་གཉེར་ཐུབ་ཀྱི་ཡོད།

    2023ལོར་གཞིས་རྩེ་གྲོང་ཁྱེར་ཡོངས་སུ་ཞིང་པར་རོགས་སྐྱོར་གྱི་དངུལ་ལེན་ཞབས་ཞུའི་ས་ཚིགས་ཀྱི་གྲངས་འབོར་བསྡོམས་1662ཟིན་ཞིང་། ལོ་ཧྲིལ་པོར་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་དངུལ་བུན་ལེན་པའི་ལས་སྒོ་ཁག་ཁྲི་62.91གཉེར་བར་དངུལ་སྒོར་དུང་ཕྱུར་4.65ཟིན་པ་དང་། དངུལ་སྒྱུར་ལས་སྒོ་ཁག་ཁྲི་22.31གཉེར་བར་དངུལ་སྒོར་དུང་ཕྱུར་3.84ཟིན་པ། འདྲི་རྩད་ལས་སྒོ་ཁག་ཁྲི་6.01གཉེར་བ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།