དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་རྣམ་གྲངས་ཀྱིས་ཨར་ཅི་རི་ཡའི་བཟོ་ལས་དར་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཕན་པ་ཐོབ་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-27

    ཨར་ཅི་རི་ཡར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་ཆེ་མོ་བ་དང་། དོ་དམ་མི་སྣ། ལག་རྩལ་བཟོ་པ་བཅས་ལས་གྲུབ་པའི་ཚོགས་པ་ཞིག་ཡོད་པ་དེས་རྒྱལ་ཁབ་དེའི་ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་ལམ་ཐིག་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བཞིན་ཡོད། ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་ལམ་ཐིག་གི་སྤྱིའི་རིང་ཚད་སྤྱི་ལེ་575ཟིན་པ་དེ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ཁེ་ལས་ཀྱིས་ཨར་ཅི་རི་ཡར་སྐྲུན་འགན་འཁུར་བའི་རྣམ་གྲངས་རྐྱང་པ་ཆེ་ཤོས་ཤིག་ཀྱང་ཡིན། དེ་བསྐྲུན་ཟིན་རྗེས་ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་ལམ་ཐིག་དེ་ཨར་ཅི་རི་ཡའི་གཏེར་ཁུལ་དང་། བཟོ་ལས་ཁུལ། གྲུ་ཁ་བཅས་དང་སྦྲེལ་མཐུད་བྱ་རྒྱུ་ཡིན་པས་ཨར་ཅི་རི་ཡའི་རྒྱལ་ཁབ་ལྕགས་ལམ་དྲ་བ་འཐུས་ཚང་དུ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

    ཨར་ཅི་རི་ཡའི་ཐིང་ཏུའུ་ཧྥུའུ་ཞིང་ཆེན་གྱི་ལྷོ་ནུབ་རྒྱུད་ཀྱི་ཐང་སྟེང་ཆེན་པོ་ཞིག་ཏུ་ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་ལམ་ཐིག་རྣམ་གྲངས་ཀྱི་གཞུང་ལས་སྒྲུབ་ཁུལ་བཙུགས་ཡོད། གསར་འགོད་པ་དེ་གར་འབྱོར་སྐབས། སྒོ་འགྲམ་དུ་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་པ་དང་གཞུང་ལས་ཁང་དུ་ཁ་པར་གྱི་ཐིར་སྒྲ་ཡང་ཡང་གྲགས་བཞིན་ཡོད། རྣམ་གྲངས་ཀྱི་ལས་སྒྲུབ་མི་སྣ་ལ་ལས་ལག་རྩལ་ཇུས་གཞིར་གྲོས་བསྡུར་བྱེད་པ་དང་། ལ་ལས་ལས་ཡུལ་དངོས་སུ་ཨར་ལས་བྱེད་པའི་གནད་དོན་ལ་གྲོས་མོལ་བྱེད་པ། ལ་ལས་མི་སྣ་དང་དངོས་ཟོག་བཀོད་སྒྲིག་བྱེད་བཞིན་ཡོད།

    2023ལོའི་ཟླ་12པར་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་དང་ཨར་ཅི་རི་ཡའི་རྒྱལ་ཁབ་ལྕགས་ལམ་མ་འཇོག་ཇུས་འགོད་དང་ལག་བསྟར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་རྣམ་གྲངས་ལ་དངོས་སུ་གན་རྒྱ་བཞག་པ་རེད། ལམ་ཐིག་དེས་པེ་ཧྲར་ཞིང་ཆེན་གྱི་ཏུའུ་སྨི་ཨ་ཐེ་བཟོ་ལས་ཁུལ་དང་ཐིང་ཏུའུ་ཧྥུའུ་ཞིང་ཆེན་ཅ་ལ·ཅེ་པི་ལའེ་ཐེ་ལྕགས་གཏེར་ཁུལ་སྦྲེལ་མཐུད་བྱས་ནས་ཁྱོན་བབས་ཚུགས་40བསྐྲུན་རྒྱུ་རེད། དེ་བསྐྲུན་རྗེས་ཚད་ལྡན་གྱི་དེང་རབས་ཅན་གྱི་ལྕགས་ལམ་ཞིག་ཏུ་འགྱུར་རྒྱུ་རེད།

    ཅ་ལ·ཅེ་པི་ལའེ་ཐེ་ལྕགས་གཏེར་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་ཅིག་ཡིན་པའི་ངོས་ནས་ནུབ་རྒྱུད་ལྕགས་ལམ་གཏེར་ལས་ལམ་ཐིག་དེས་ཟོག་འདྲེན་གཙོ་བོར་བྱས་ནས་སྔོན་དཔག་བྱས་ན་ལོ་ལྟར་སྐྱེལ་འདྲེན་ནུས་པ་ཏུན་ཁྲི་4000ནས་ཁྲི་5000བར་ཟིན་ནས་ཨར་ཅི་རི་ཡའི་ལྕགས་གཏེར་ཕྱིར་གཏོང་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།

    “ནུབ་རྒྱུད་ལྕགས་ལམ་གྱི་གཏེར་ལས་ལམ་ཐིག་རྣམ་གྲངས་ཀྱིས་ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་ཨར་ཅི་རི་ཡའི་རྒྱལ་ཁབ་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་ཡོད” “ཨར་ཀྲུང་མཉམ་ལས་བྱས་ནས་ལྕགས་ལམ་བསྐྲུན་པ་དེས་འགྲིམ་འགྲུལ་གྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཨར་ཅི་རི་ཡའི་བཟོ་ལས་དར་རྒྱས་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་ཡང་ཕན་པ་ཡོད། རྣམ་གྲངས་དེའི་ཐོག་ནས‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་དང‘ཨར་ཅི་རི་ཡ་གསར་པ’བསྐྲུན་པའི་འདུན་པ་གཅིག་མཐུན་བྱུང་བ་མཚོན་ཐུབ”ཅེས་ཨར་ཅི་རི་ཡ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དབྱི་སི་མེར·ཏེ་པེ་ཧྲིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།