དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དང་པོའི་བཅོ་ལྔའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་ཕྱི་རྒྱལ་གྱི་ས་ཆ་མང་པོར་སྤེལ་བ།

    དམངས་ཚོགས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཉམས་ལེན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-02-27

    ཕྱི་རྒྱལ་དུ་བཅའ་སྡོད་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཕྱོགས་བསྡུས་གནས་ཚུལ་སྤེལ་བར་གཞིགས་ན། དང་པོའི་བཅོ་ལྔའི་དུས་ཆེན་འཆར་ཉེའི་མཚམས་སུ་ཚོགས་མཆོད་དང་། མཐུན་འབྲེལ་འདུ་ཚོགས། རིག་རྩལ་འཁྲབ་སྟོན་སོགས་ཀྱི་རྟེན་འབྲེལ་བྱེད་སྒོ་ཕྱི་རྒྱལ་གྱི་ས་ཆ་མང་པོར་སྤེལ་ནས། རྒྱལ་ཁབ་མང་པོའི་དམངས་ཚོགས་ཀྱིས་ཀྲུང་གོའི་རིག་གནས་ཉམས་ལེན་དང་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་མཉམ་དུ་དགའ་གཏོང་བྱས་པ་རེད།

    “2024ལོའི་དྲོ་སྐྱིད་ལྡན་པའི་དཔྱིད་གསར་བསུ། འབྲུག་ལོའི་དཔྱིད་གསར་ཚོགས་མཆོད་དགའ་གཏོང་བྱེད”ཅེས་པའི་བྱེད་སྒོ་ཚེས་24ཉིན་ཧྲོའར་དུ་འགོ་ཚུགས་ཤིང་། དེ་ནི་ཀྲུང་གོའི་དཔྱིད་གསར་ཚོགས་མཆོད་ཧན་གོར་གཉེར་ཐེངས་དང་པོ་རེད། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གཞུང་ཚབ་ཧྥང་ཁུན་གྱིས་ཤིས་ཚིག་སྒྲོན་སྐབས། ཀྲུང་གོའི་ཚོགས་མཆོད་ལས་ཧན་གོར་ཡོད་པའི་ཕྱིར་སྡོད་རང་མི་དང་ཧན་གོའི་དམངས་ཚོགས་ཚོས་ཀྲུང་གོའི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་སྲོལ་རྒྱུན་དམངས་སྲོལ་ཉམས་ལེན་ཐུབ་ནས་ཀྲུང་གོའི་ལོ་གསར་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་ཡོད་ཅེས་བརྗོད་པ་དང་། བྱེད་སྒོ་གཙོ་གཉེར་ཕྱོགས་ཡིན་པའི་ཀྲུང་ཧན་བུ་ཕྲུག་སློབ་གསོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཀའོ་ཅེས། བྱེད་སྒོ་བརྒྱུད་ཀྲུང་ཧན་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བསམ་ཤེས་དང་མཛའ་བརྩེ་ཟབ་ཏུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས་ཤིས་ཚིག་སྒྲོན་སྐབས། འདི་ལོའི་དཔྱིད་གསར་དུས་ཆེན་རྒྱུན་གཏན་དང་མི་འདྲ་ཞིང་། དཔྱིད་གསར་དུས་ཆེན་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གུང་གསེང་ཉིན་མོར་གྱུར་ནས། མཉམ་འབྲེལ་རྒྱལ་ཚོགས་སུ་ལས་ཀ་བྱེད་མཁན་ཀྲུང་གོ་བ་ཡོངས་ཀྱི་ལོ་མང་གི་ཐུན་མོང་བསམ་འདུན་མངོན་འགྱུར་བྱུང་བ་མ་ཟད། ཀྲུང་གོའི་རིག་གནས་ཟམ་མི་ཆད་པར་འཛམ་གླིང་དུ་སྐྱོད་པ་དང་འབྲེལ་འཛམ་གླིང་ལ་སྔར་བས་ཤུགས་རྐྱེན་ཟབ་མོ་ཐེབས་པའང་མཚོན་ཡོད་ཅེས་བརྗོད།

    ཚེས་21ཉིན་གྱི་དགོང་མོར། མར་ཐའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱིས་རྒྱལ་ས་ཝ་ལེ་ཐ་རུ་གནས་པའི་མར་ཐའི་རྒྱལ་ཁབ་བསམ་བཀོད་ལྟེ་གནས་སུ་དང་པོའི་བཅོ་ལྔའི་དུས་ཆེན་གྱི་རོལ་དབྱངས་འདུ་ཚོགས་འཚོགས་ནས། མར་ཐའི་དམངས་ཚོགས་ལ་ངོ་མཚར་ཆེ་བའི་ཀྲུང་གོའི་སྲོལ་རྒྱུན་གྱི་དམངས་ཁྲོད་རོལ་དབྱངས་འཁྲབ་སྟོན་བྱས་པ་རེད།

    མར་ཐར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དབུ་བཞུགས་ཀོན་ཡོན་ཕུང་དབྱི་ཅུན་གྱིས་ཤིས་ཚིག་སྒྲོན་སྐབས། དང་པོའི་བཅོ་ལྔའི་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་གལ་ཆེན་ཞིག་ཡིན་པ་དང་དེ་ལས་འཆམ་མཐུན་དང་མཉམ་འཛོམས་མཚོན་གྱི་ཡོད། ད་ཐེངས་ཀྱི་རོལ་དབྱངས་འདུ་ཚོགས་གཉེར་བ་དེ་ཡང་ཀྲུང་མའི་ལས་རིགས་ཁག་གི་གྲོགས་པོ་ཚོ་དང་མཉམ་འཛོམས་ཀྱིས་ཀྲུང་གོའི་སྲོལ་རྒྱུན་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་གྱི་ངོ་མཚར་ལ་མཉམ་དུ་མྱོང་རོལ་བྱས་ཏེ་འབྱུང་འགྱུར་ཀྲུང་མའི་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་ཆེད་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།