དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་ལས་ཀྲུང་ཐེའི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-27

    ཀྲུང་གོ་མཛེས་རྩལ་ཁང་དང་། ཐེ་ལན་རྒྱལ་ཁབ་མཛེས་རྩལ་ཁང་། ཐེ་ལན་རིག་གནས་པུའི་སྒྱུ་རྩལ་ཐིང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པ་སྟེ། “ཀྲུང་གོའི་དོན་བྲིས་རི་མོ—ཀྲུང་གོ་མཛེས་རྩལ་ཁང་གི་སྒྱུ་རྩལ”འགྲེམས་སྟོན་ཉེ་ཆར་ཐེ་ལན་རྒྱལ་ཁབ་མཛེས་རྩལ་ཁང་དུ་གཉེར་ཞིང་། དེང་སྐབས་ཀྲུང་གོའི་རི་མོ་དང་། སྣུམ་ཚོན་རི་མོ། ཆུ་ཚོན་རི་མོའི་བརྩམས་ཆོས། འཇིམ་རྐོས་སོགས་ཀྲུང་གོའི་སྒྱུ་རྩལ་པ་42ཀྱི་ཕུལ་བྱུང་བརྩམས་ཆོས་63ལས་ཀྲུང་གོའི་དོན་བྲིས་རི་མོའི་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།

    “འགྲེམས་སྟོན་ལས་ངས་ཀྲུང་གོའི་བརྩམས་ཆོས་ཀྱི་ངོ་མཚར་ཚོར་བྱུང”ཞེས་ཐེ་ལན་གྱི་སློབ་གྲྭ་ཆེ་མོ་བ་ཉི་ཡས་གསར་འགོད་པར་བརྗོད། ཐེ་ལན་གྱི་རིག་གནས་པུའི་པུའུ་ཀྲང་གཞོན་པ་ཡུས་ཕ་ཡིས། འགྲེམས་སྟོན་གྱི་བརྩམས་ཆོས་ལས་ཀྲུང་གོའི་སྲོལ་རྒྱུན་གྱི་འདུ་ཤེས་དང་ཐུན་མོང་མ་ཡིན་པའི་མཚོན་ཚུལ་མངོན་གྱི་ཡོད་པས། ཐེ་ལན་གྱི་ལྟད་མོ་བས་ཀྲུང་གོའི་དེང་སྐབས་སྒྱུ་རྩལ་ལ་ངོས་འཛིན་དང་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་འགྲོ་ངེས་རེད། ད་ཐེངས་ཀྱི་འགྲེམས་སྟོན་བརྒྱུད་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་འགྲོ་བའི་ཡིད་ཆེས་ཡོད་ཅེས་བརྗོད།

    2024ལོའི་ཐེན་ལན་གྱི“སྤྲོ་སྣང་ལྡན་པའི་དཔྱིད་གསར་དུས་ཆེན”གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་སྟེ། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཐེ་ལན་གྱི་ཡུལ་སྐོར་དང་ལུས་རྩལ་པུའུ། ཐེ་ལན་རྒྱལ་ཁབ་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་དུ་གཉེར་བའི“ཡའོ་ཧྭ་ལི་ཁྲོམ་གཞུང་ནས་འོད་སྣང་འཕྲོ”ཞེས་པའི་ཚོན་ཁྲ་ཅན་གྱི་གློག་སྒྲོན་འགྲེམས་སྟོན་ཉེ་ཆར་ཡའོ་ཧྭ་ལི་ཁྲོམ་གཞུང་དུ་གཉེར་བ་རེད། ཚོན་ཁྲ་ཅན་གྱི་གློག་སྒྲོན་དེའི་གྲུབ་ཆ་གཙོ་བོ་ནི་མཁའ་དབྱིངས་སུ་འཕུར་ལྡིང་བྱེད་པའི་གསེར་འབྲུག་ཅིག་ཡིན་པ་དང་། དེ་ཐོག་ནས་འབྲུག་ལོར་ཀྲུང་ཐེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཉིན་བཞིན་གོང་དུ་འཕེལ་བ་དང་དམངས་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་མཚོན་གྱི་ཡོད།

    ཐེ་ལན་གྱི་ཡུལ་སྐོར་དང་ལུས་རྩལ་པུའི་པུའུ་ཀྲང་སུའུ་ཐན་ཝན་གྱིས། འདི་ལོ་ཐེ་ལན་གྱི་ས་གནས་ཁག་ཏུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་མང་པོ་ཡོད་པས། ཡུལ་སྐོར་བས་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ལ་བལྟས་ནས་དཔྱིད་གསར་དུས་ཆེན་གྱི་དོན་སྙིང་གལ་ཆེན་ཉམས་ལེན་གཏིང་ཟབ་བྱེད་ཆོག་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།