དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཚན་རིག་མཁས་ཅན་ལ་རྒྱལ་སྤྱིའི་ཁྲག་ནད་རིག་པའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-27

    ཟླ་2ཚེས་23ཉིན། རྒྱལ་སྤྱིའི་ཁྲག་རྒྱུན་དང་རྐང་མར་སྤོས་འཛུགས་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་པེ་ཅིང་སློབ་ཆེན་ཁྲག་ནད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་དང་དགེ་རྒན་ཆེ་མོ་བ་ཧོང་ཞའོ་ཅུན་ལ་ཕུལ་བྱུང་ཞབས་ཞུའི་བྱ་དགའ་སྤྲད་ནས། ཁོང་གིས་ཕྱེད་མཚུངས་རྐང་མར་སྤོས་འཛུགས་ཀྱི“པེ་ཅིང་གི་ཇུས་གཞི”བཏོད་དེ་རྒྱལ་སྤྱིའི་ཁྲག་ནད་རིག་པར་ལེགས་སྐྱེས་ཕུལ་དུ་བྱུང་བ་ཕུལ་བར་གཟེངས་བསྟོད་བྱས་པ་རེད། འདི་ནི་ཟླ་2ཚེས་23ཉིན་ཨ་རིའི་ཏེ་ཁེ་ས་སི་ཀྲོའུ་ཧྲེང་ཨན་ཏུང་ཉི་ཨའོ་རུ་གཉེར་བའི་2024ལོའི་ལོ་འཁོར་གྱི་སྤོས་འཛུགས་དང་ཕྲ་ཕུང་སྨན་བཅོས་ཚོགས་འདུའི་ཐོག་ཧོང་ཞའོ་ཅུན(གཡོན)གྱིས་རྒྱལ་སྤྱིའི་ཁྲག་རྒྱུན་དང་རྐང་མར་སྤོས་འཛུགས་ཞིབ་འཇུག་ལྟེ་གནས་ཀྱིས་སྤྲད་པའི་ཕུལ་བྱུང་ཞབས་ཞུའི་བྱ་དགའ་བླངས་རྗེས་གཏམ་བཤད་སྤེལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།