དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པོ་ཧའེ་རྒྱ་མཚོ་ནས་གོ་ལ་ཧྲིལ་པོའི་རྒྱུ་འགྱུར་བྲག་རྡོའི་སྣུམ་ཞིང་ཆེ་ཤོས་རྩད་ཆོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-27

    ཀྲུང་གོ་མཚོ་སྣུམ་གྱིས་ཚེས་25ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་པོ་ཧའེ་རྒྱ་མཚོའི་གཏིང་གི་སྣུམ་རླངས་རྩད་ཞིབ་ལ་སླར་ཡང་ཤེས་རྟོགས་གསར་པ་བྱུང་ཞིང་། ཏུན་དུང་ཕྱུར་རིམ་པའི་སྣུམ་ཞིང་པོ་ཀྲུང་26-6སྣུམ་ཞིང་དུ་གསོར་འབིགས་རྩད་ཞིབ་ཁྲོན་པ་གསར་པར་ཚོད་ལྟ་བྱེད་སྐབས་ཐོན་འབོར་གྱི་ཟིན་ཐོ་གསར་པ་བཏོད་དེ་གསར་དུ་འཕར་བའི་སྣུམ་རླངས་ཀྱི་རྩད་ཆོད་པའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་ཁྲི་4000ཡན་ཟིན་ནས་སྣུམ་ཞིང་དེར་རིམ་རྩིས་བརྒྱབ་ན་རྩད་ཆོད་པའི་སྣུམ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་2ཟིན་ནས་གོ་ལ་ཧྲིལ་པོའི་རྒྱུ་འགྱུར་བྲག་རྡོའི་སྣུམ་ཞིང་ཆེ་ཤོས་སུ་གྱུར་ཡོད།

    པོ་ཀྲུང་26-6སྣུམ་ཞིང་ནི་པོ་ཧའེ་རྒྱ་མཚོའི་ལྷོ་རྒྱུད་མཚོ་ཁོངས་སུ་གནས་ཤིང་། ཐེན་ཅིན་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་170ཙམ་ཆོད་པ་དང་ཆ་སྙོམས་ཀྱི་ཆུའི་གཏིང་ཚད་ལ་སྨི་21.1ཡོད། 2023ལོར་ཤེས་རྟོགས་བྱུང་བ་ནས་བཟུང་སྔ་རྗེས་སུ་སྣུམ་ཁྲོན་མང་པོ་བརྒྱབ་པ་དང་རྩད་ཞིབ་ཐེངས་མང་བྱས་པའི་ནང་པོ་ཀྲུང་26-2ཀྱི་བྱང་རྒྱུད་ཀྱི་ཁྲོན་པ་2པར་གསོར་འབིགས་རྩད་ཞིབ་བྱེད་སྐབས་སྣུམ་རླངས་རིམ་པ་སྨི་118ཟིན་པ་དང་། ཚོད་ལྟ་བྱེད་སྐབས་ཉིན་རེར་ཆ་སྙོམས་སྣུམ་སྨི་རྒྱ་དཔངས་གྲུ་བཞི་390ཡན་ཐོན་པ་དང་སོལ་རླངས་སྨི་རྒྱ་དཔངས་གྲུ་བཞི་5000ཡན་ཐོན་ནས་སྣུམ་ཞིང་དེའི་ཐོན་ནུས་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།