དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་རིག་གནས་ཉམས་སུ་མྱོང་བ།

    དཔྱིད་གསར་དུས་ཆེན་རིང་གསར་བརྗེའི་ཡུལ་སྐོར་འདི་ཉིད་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པར་གྱུར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-27

    ལོ་གསར་གྱི་ཚེས་བདུན་ཉིན། ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཧུང་ཧྭ་ཀང་ཆུས་སུ་གནས་པའི་ཙུན་དབྱིའི་གྲོས་ཚོགས་དྲན་གསོ་ཁང་ལ་ཡུལ་སྐོར་བའི་རྒྱུན་མི་ཆད་པར་གྱུར། མཛེས་ལྗོངས་ཁུལ་གྱི་སྒོ་ཁ་ནས་ཡུལ་སྐོར་བས་དང་བླངས་པ་དང་ལས་དོན་པའི་ཁྲིད་སྟོན་འོག་གོ་རིམ་ལྡན་པའི་ངང་བང་བསྒྲིགས་ཏེ་འཛུལ་བཞིན་ཡོད་པ་དང་། ཡུལ་སྐོར་བས་དྲན་གསོ་ཁང་ནང་གསལ་འགྲེལ་པས་པར་རེ་རེའི་རྒྱབ་ཀྱི་གསར་བརྗེའི་གཏམ་རྒྱུད་བརྗོད་པ་ཉན་བཞིན་ཡོད། “ངལ་གསོའི་སྐབས་དང་བསྟུན་ཏེ་ཕྲུ་གུ་ཁྲིད་དེ་གསར་བརྗེའི་ལོ་རྒྱུས་སློབ་སྦྱོང་དང་གསར་བརྗེའི་རིག་གནས་ཉམས་སུ་མྱོང་བར་བསྐྱོད་པར་དོན་སྙིང་ཆེན་པོ་འདུག”ཅེས་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཏུང་ལགས་ཀྱིས་དེ་ལྟར་བཤད།

    དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། ཡུལ་སྐོར་ཁྲོམ་རའི་གསོན་ཤུགས་རྒྱས་ནས་འཛད་སྤྱོད་མུ་མཐུད་འཕར་ཞིང་། གསར་བརྗེའི་ཡུལ་སྐོར་འདི་ཉིད་དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་དུ་འགྲོ་བའི་བཀྲག་མདངས་འཚེར་ས་གསར་པ་ཞིག་ཏུ་གྱུར་ཡོད། ཀྲུང་གུང་ཚོགས་ཆེན་དང་པོའི་དྲན་གསོ་ཁང་གི་མཛེས་ལྗོངས་ཁུལ་དང་། ཤིའི་པའེ་ཕོའི་དྲན་གསོ་ཁང་གི་མཛེས་ལྗོངས་ཁུལ། ཅང་སུའུ་ཀྲོའུ་ཨེན་ལའེ་ཡི་བཞུགས་གནས་རྙིང་པ། ཧྥུའུ་ཅན་ཀུའུ་ཐེན་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་སུ་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད། དཔྱིད་གསར་དུས་ཆེན་རིང་ཧུའུ་ནན་གྱི་ཚ་ལུ་མའི་གླིང་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་63.2ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་44.63%འཕར་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་དང་པོ་དང་། གཉིས་པ། བཞི་པ་བཅས་ཀྱི་དྲན་གསོ་ཁང་གི་མཛེས་ལྗོངས་ཁུལ་དང་དེའི་ཉེ་འཁོར་གྱི་གསར་བརྗེའི་འགྲེམས་ཁང་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཆ་སྙོམས་ཉིན་རེར་མི་ཐེངས་ཁྲི་2ལས་བརྒལ་ཡོད།

    ཧོ་ནན་ཞིན་རྫོང་གི་ཧུའུ་པེ་དང་། ཧོ་ནན། ཨན་ཧུའེ་བཅས་སུའུ་ཝེ་ཨེད་ས་ཁུལ་ལྟེ་བའི་གྲོང་ཁྱེར་མཛེས་ལྗོངས་ཁུལ་དུ་ཉིན་ཤས་བསྟུད་མར་ཡུལ་སྐོར་བ་མང་བའི་དུས་ཤར་ཞིང་། སྒེར་འཁོར་བཏང་ནས་ཡུལ་སྐོར་དང་ཚོགས་པ་བསྒྲིགས་ནས་ཡུལ་སྐོར་དུ་སྐྱོད་པའི་རླངས་འཁོར་རྒྱུན་ཆད་རྒྱུ་མེད་པ་དང་། དཔྱིད་གསར་དུས་ཆེན་རིང་ཡུལ་སྐོར་བ་མི་ཐེངས་ཁྲི་4.6ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་17.9%འཕར་ཡོད། ཞིན་རྫོང་གིས་རིམ་སྤེལ་བྱེད་སྒོའི་འཆར་གཞི་བཀོད་དེ་མང་ཚོགས་ཀྱི་འཁྲབ་སྟོན་ལེ་ཚན་ཆེན་མོ《ལྷོ་རིའི་དམངས་སྲོལ་རིག་གནས་དུས་ཆེན》དང་གསར་བརྗེའི་འཁྲབ་གཞུང《ཇ་ལོའི་མེ་ཏོག་རབ་ཏུ་བཞད》སོགས་འོས་སྦྱོར་བྱས་པ་མ་ཟད། བྱེད་སྒོ་དག་གྲོང་ཁུལ་དང་། གྲོང་གསེབ་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་དང་གསར་བརྗེའི་མཛེས་ལྗོངས་ཁུལ་ཆེན་པོ་ཁག་ཏུ་བཀོད་སྒྲིག་བྱས་པས། ཡུལ་སྐོར་བ་དང་གྲོང་མི་མང་པོ་དེ་གར་ཡུལ་སྐོར་དང་ལྟད་མོ་ལྟ་བར་འགྲོ་བའི་ཡིད་དབང་བཀུག་ཡོད། དཔྱིད་གསར་དུས་ཆེན་རིང་། ཞིན་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་52.11ལ་སྣེ་ལེན་ཞུས་པའི་ཁྲོད་གསར་བརྗེའི་མཛེས་ལྗོངས་ཁུལ(མཛེས་ལྗོངས་ས་ཚིགས)དང་། གསར་བརྗེའི་ལམ་ཐིག་ཏུ་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་ཁྲི་46.38ཟིན་ཡོད།

    ཅང་སུའུ་རུ་ཅང་སུའུ་རིག་ལྡན་རིག་གནས་ཡུལ་སྐོར་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཚུད་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ(ས་ཚིགས)23གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་115ལ་སྣེ་ལེན་ཞུས་པ་དེ་བསྡུར་གཞི་ཡོད་པའི་གྲངས་གཞི་ལྟར་ན་2023ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་གི་དུས་མཚུངས་ལས་125.62%འཕར་ཡོད། གསར་བརྗེའི་དྲན་གསོ་ཁང་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲངས་འབོར་དེ་2023ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་གི་དུས་མཚུངས་ལས་ཆེས་ཆེར་འཕར་བའི་ཁྲོད། ཀྲོའུ་ཨེན་ལའེ་ཡི་དྲན་གསོ་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་16.27ལ་སྣེ་ལེན་ཞུས་པ་དེ་བསྡུར་གཞི་ཡོད་པའི་གྲངས་གཞི་ལྟར་ན་2023ལོའི་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་གི་དུས་མཚུངས་ལས་481%འཕར་ཡོད།

    གསར་བརྗེའི་གསལ་འགྲེལ་པས་གསར་བརྗེའི་གཏམ་རྒྱུད་བརྗོད་པ་དང་སྙན་ཚིག་གྱེར་འདོན་སོགས་བྱས་ཤིང་། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་། ཧུན་ནན་ཧྲའོ་ཧྲན་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་དམངས་ཕན་བྱེད་སྒོ་ཕུན་སུམ་ཚོགས་པོ་གཉེར་བས་གསར་བརྗེའི་ཡུལ་སྐོར་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་ཞིང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་2ཚེས་10ནས་ཚེས་17ཉིན་བར་ཧྲའོ་ཧྲན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་39.833ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་75.79%འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་32950ཟིན་པ་དེ་དུས་མཚུངས་ལས་71.18%འཕར་ཡོད།

    གསར་བརྗེའི་ཡུལ་སྐོར་གྱི་འཕེལ་རྒྱས་ཆུ་ཚད་རྒྱུན་མཐུད་འཕར་ནས་ཡུལ་སྐོར་བའི་ཡུལ་སྐོར་མྱོང་རོལ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཞིང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གིས“གསར་བརྗེའི་ཡུལ་སྐོར་+”རྒྱུན་མཐུད་སྤེལ་བ་དང་། དེ་དང་མཉམ་དུ་ལས་རྣམ་མང་པོ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་པས་ཐོན་རྫས་གསར་པ་མགྱོགས་མྱུར་ཐོན་པ་དང་། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་གིས་རིག་ནུས་ཅན་དང་གྲངས་འཛིན་ཅན་བེད་སྤྱོད་ཧུར་ཐག་བྱས་ནས་AR VRསོགས་ཀྱི་ལག་རྩལ་གསར་པར་བརྟེན་པས་གསར་བརྗེའི་གཏམ་རྒྱུད་བརྒྱུད་སྤེལ་བྱེད་སྟངས་དེ་སོར་གནས་དང་རྐྱང་པ་ནས་བབ་བསྟུན་དང་སྣ་མང་ཕྱོགས་སུ་འགྱུར་ལྡོག་བྱུང་སྟེ། གསར་བརྗེའི་རིག་གནས་བརྒྱུད་སྤྲོད་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད། ཧྲན་ཏུང་ལིན་དབྱི་རུ་ལོ་རྒྱུས་རིག་གནས་དང་གསར་བརྗེའི་རིག་གནས་གཞི་གཅིག་ཏུ་མཉམ་འདྲེས་ཀྱི་དབྱི་མོང་ཁྲོམ་གཞུང་རྙིང་པས་གསར་བརྗེའི་རིག་གནས་དབྱིངས་ཞུགས་རྣམ་པའི་མྱོང་རོལ་བྱེད་སྟངས་བཏོད་པར་ཡུལ་སྐོར་བའི་དགའ་བསུ་ཐོབ་ནས། ངལ་གསོའི་རིང་ཡུལ་སྐོར་བའི་གྲངས་འབོར་མི་ཐེངས་ཁྲི་20ལས་བརྒལ་ཡོད།

    རིག་གནས་དང་ཡུལ་སྐོར་པུའུ་ཡི་ཐོན་ཁུངས་གསར་སྤེལ་སིའི་འབྲེལ་ཡོད་འགན་འཁུར་བས། གསར་བརྗེའི་ཡུལ་སྐོར་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་ཆེན་པོ་ལྡན་ཡོད། དེ་ནི་གསར་བརྗེའི་རིག་གནས་དར་སྤེལ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གསར་བརྗེའི་སྲོལ་རྒྱུན་སློབ་གསོ་བཅས་སྤེལ་ནས་གསར་བརྗེའི་རྟེན་གཞི་རྙིང་པ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་དང་གསར་བརྗེའི་ཡུལ་སྐོར་ལ་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གསར་བརྗེའི་ཡུལ་སྐོར་དེ་གྲོང་གསེབ་ཡུལ་སྐོར་དང་། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ལས་རྣམ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་དང་གསར་བརྗེའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཁག་གཅིག་འོས་སྦྱོར་གྱིས་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་ཁག་གཅིག་མུ་མཐུད་ལེགས་སུ་བཏང་ནས་བསྐྲུན་ཏེ། མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྔར་བས་བསྐངས་ནས་གསར་བརྗེའི་ཡུལ་སྐོར་རྒྱུན་མཐུད་སྐྱོན་བྲལ་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།