དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཕྱོངས་རྒྱས་རྫོང་གི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལས་འགོ་གཅིག་སྡུད་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-02-27

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་2024ལོའི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“རྒུད་གསབ་ལས་སྤྲོད”རྣམ་གྲངས་ལས་འགོ་གཅིག་སྡུད་འཛུགས་པའི་མཛད་སྒོ་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོའི་ཆུ་རགས་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ་གཉེར་བ་ལས། ཆུ་བེད་དམངས་འཚོའི་ལས་གྲྭ་རབ་དང་རིམ་པ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་མཚོན་པ་དང་། དེས་རྫོང་ཡོངས་ཀྱི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བསྡོམས་མ་དངུལ་སྒོར་ཁྲི་300བཏང་བའི“རྒུད་གསབ་ལས་སྤྲོད”ཀྱི་རྣམ་གྲངས་ཁྱོན་8ཡོད་པ་དེ་དག་རྒྱལ་སྨན་ཤང་ཐག་རིང་གྲོང་ཚོ་དང་། འཕྱོངས་རྒྱས་གྲོང་རྡལ་ཞོལ་ཁང་སྡེ་ཁུལ་དང་ཞོལ་སྡེ་ཁུལ། ལྷ་ཡུལ་ཤང་སྡོད་པ་གྲོང་ཚོ་དང་སྦས་སྣ་གྲོང་ཚོ། ཤ་གསོས་ཤང་འཇུ་གྲོང་ཚོ་དང་ཤ་གསོས་གྲོང་ཚོ་བཅས་ཁྱོན་ཤང་དང(གྲོང་རྡལ)4ཡི་གྲོང་ཚོ(སྡེ་ཁུལ)7ལ་ཁྱབ་པ་དང་། ཆུ་ཡུར་དང་། ཆུ་རགས། གནས་སྤོས་ས་རྒྱུ་ལེགས་འགྱུར། ཆུ་རྫིང་ཆུང་གྲས་ཉམས་བཟོ་སོགས་ཀྱི་ལས་གྲྭ་དང་འབྲེལ་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།