དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཨུ་ཡོན་ལིའུ་སི་ཏེ་ཡིས་བརྗོད་དོན།

    སྨན་པའི་བྱམས་སེམས་ལ་བརྟེན་ནས་བདེ་ཐང་སྲུང་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་ལིན་ཕིང་།   |     སྤེལ་དུས།  2024-02-26

    དཔྱིད་གསར་དུས་ཆེན་ཚར་ནས་ལས་ཀ་ཚུགས་མ་ཐག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷོ་ཕྱོགས་གསོ་རིག་སློབ་ཆེན་ལྷོ་ཕྱོགས་སྨན་ཁང་གི་འཇུ་བྱེད་སྡེ་ཁག་གི་ཀྲུའུ་རེན་ལིའུ་སི་ཏེ་ལས་ཀར་གཞོལ་འགོ་ཚུགས། “ལས་ཀ་བྲེལ་བ་ཆེན་པོ་ཡོད་མོད། འོན་ཀྱང་རྒྱལ་ཡོངས་སྲིད་གྲོས་ཀྱིས་སྒྲིག་འཛུགས་བྱས་པའི་འབྲེལ་ཡོད་སློབ་སྦྱོང་ལ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་གི་མེད། འགན་སྒྲུབ་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ཚེ་གཞི་ནས་སྤུས་ཚད་མཐོ་བའི་སྲིད་གླེང་དང་ཐབས་ཇུས་འདོན་ཐུབ”ཅེས་ལིའུ་སི་ཏེ་ཡིས་བརྗོད།

    ལིའུ་སི་ཏེ་ཡིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འགན་མ་བཞེས་གོང་ཀོང་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་སྐབས་གསུམ་བསྟུད་མར་གནང་མྱོང་ཡོད། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གནང་རིང་ལིའུ་སི་ཏེས་ལས་དོན་ཁྲོད་ཤེས་རྟོགས་བྱུང་བའི་མང་ཚོགས་ཀྱི་རེ་ཞུ་འབོར་ཆེན་དང་ཟུང་འབྲེལ་བྱས་ཏེ་བསམ་གཞིག་ཟབ་མོ་གནང་ནས“འཇུ་བྱེད་ལམ་གྱི་ནད་རིགས་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་སྲིད་གཞུང་གི་སྤྱི་པའི་འཕྲོད་བསྟེན་རྣམ་གྲངས་གལ་ཆེན་གྲས་སུ་འཇུག་པའི”གྲོས་གཞི་ལོ་གསུམ་བསྟུད་མར་བཏོན་གནང་ནས་ཀོང་ཀྲོའུ་སོགས་གྲོང་ཁྱེར་དུ་བརྒྱུད་རིམ་རང་བཞིན་གྱི“འབོད་སྐྲན་རིན་མི་དགོས་པར་བརྟག་དཔྱད་བྱེད་པའི”རྣམ་གྲངས་སྤེལ་བར་སྐུལ་འདེད་བཏང་བ་རེད།

    ཀོང་ཏུང་ཞིང་ཆེན་གྱི་ཞིང་ཆེན་སྲིད་གྲོས་ཨུ་ཡོན་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་བའི་བར་ལིའུ་སི་ཏེ་ལ་ཕྲག་ཐོག་གི་འགན་འཁྲི་སྔར་ལས་ལྗིད་དུ་སོང་བ་ཚོར་ཡོད། ལོ་དང་པོར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་སྐབས་ཁོང་གིས་གང་སར་འབྲེལ་གཏུག་ཧུར་ཐག་བྱས་ནས་ཨུ་ཡོན་ཁ་ཤས་དང་མཉམ་དུ་ཕོ་ཤེལ་བརྟག་དཔྱད་སྐོར་གྱི་གྲོས་གཞི་བཏོན་གནང་བ་རེད། ཁོང་ལ་སེམས་འགུལ་ཟབ་མོ་ཐེབས་དགོས་པ་ཞིག་ལ་གྲོས་གཞི་དེར་བཟོ་འཕྲིན་པུའུ་ཡི་ལན་འབྱོར་བ་རེད།

    ཁ་གཏད་རོགས་སྐྱོར་བྱེད་སའི་གཞི་རིམ་སྨན་ཁང་དུ་བསྐྱོད་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱེད་པ་དང་འབྲེལ་ཡོད་སྡེ་ཚན་དུ་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་བྱེད་པར་བསྐྱོད་པ་ལ་སོགས་ལིའུ་སི་ཏེ་ཡིས་འགན་འཁྲི་ཧུར་ཐག་སྒྲུབ་བཞིན་ཡོད་པ་རེད། ཁོང་གིས“འདི་ལོ་ངས་མུ་མཐུད་སྨན་བཅོས་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་མི་སེར་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་སྨན་བཅོས་བདེ་ཐང་གི་གནད་དོན་ལ་དམིགས་ནས་ཐབས་དང་ཇུས་ཧུར་ཐག་འདོན་རྒྱུ་ཡིན”ཞེས་གསུངས་པ་རེད།

    གསར་འགོད་པའི་ཟིན་བྲིས།

    ཚེ་སྲོག་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་འགྱུར་བ་མེད།

    ལོ་40ལྷག་ཙམ་སྨན་བཅོས་ལས་ལ་གཞོལ་རིང་ལིའུ་སི་ཏེ་ཡིས་དུས་དང་རྣམ་པ་ཀུན་ཏུ་ནད་པ་སེམས་ལ་བཅངས། བདེ་ཐང་དང་ཚེ་སྲོག་སྲུང་སྐྱོང་བྱེད་པ་ནི་ལིའུ་སི་ཏེ་ཡིས་སྨན་པ་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་བའི་བར་གྱི་ཐོག་མའི་བསམ་འདུན་ཡིན་ལ། བསམ་འདུན་དེར་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད། མི་འདྲ་ས་ནི་སྨན་པ་བྱེད་རིང་ནད་པ་རེ་རེ་བཞིན་ལ་སྨན་བཅོས་བྱེད་དགོས་པ་དང་། སྲིད་གྲོས་ཨུ་ཡོན་བྱེད་པར་ངེས་པར་དུ་མཐོང་རྒྱ་སྔར་བས་ཆེ་བ་དང་ཐུན་མོང་རང་བཞིན་གྱི་གནད་དོན་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། སྨན་བཅོས་ལག་ལེན་ཁྲོད་ཀྱི་བསམ་གཞིག་ཡོངས་ཁྱབ་རང་བཞིན་ལྡན་པའི་གྲོས་གཞིར་སྒྱུར་བ་བྱེད་དགོས། ལིའུ་སི་ཏེ་ཡིས་ཐོག་མཐའ་བར་གསུམ་དུ་སྨན་པ་ཞིག་གི་ངོས་ནས་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་རང་འགན་གཙང་སྒྲུབ་ཀྱིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།