དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧན་གོར་ཡོད་པའི་དོམ་ཁྲ“ཧྥུའུ་པའོ”འདི་ལོ་ཀྲུང་གོར་ལོག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-26

    འདི་ནི་ཧན་གོའི་ཅིང་ཅི་ཏའོ་ལུང་རེན་གྲོང་ཁྱེར་དུ་ཡོད་པའི་ཨའེ་པའོ་དགའ་ཚལ་དུ་དོམ་ཁྲ“ཧྥུའུ་པའོ”ཡིས་སྐྱེས་སྐར་གྱི་ཀེག་ཟ་བཞིན་པ།

    ཧན་གོའི་བརྗོད་དོན་གཙོ་བོའི་རོལ་རྩེད་ཁང་ཨའེ་པའོ་དགའ་ཚལ་གྱིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཧན་གོར་ཡོད་པའི་དོམ་ཁྲ“ཧྥུའུ་པའོ”ཟླ་4པའི་ཟླ་འགོར་ཀྲུང་གོར་ལོག་རྒྱུ་ཡིན་པ་རེད།

    གནས་ཚུལ་སྤེལ་བར་གཞིགས་ན། དོམ་ཁྲ“ཧྥུའུ་པའོ”ཀྲུང་གོའི་སི་ཁྲོན་དུ་ཡོད་པའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་སུ་སྐྱེལ་རྒྱུ་ཡིན་པ་རེད། འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཨའེ་པའོ་དགའ་ཚལ་གྱིས“ཧྥུའུ་པའོ”ཀྲུང་གོར་མ་ལོག་གོང་གི་ཟླ་གཅིག་ནང་ལོགས་འཇོག་བྱས་ནས་ལྟ་རྟོག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད། དེར་བརྟེན། “ཧྥུའུ་པའོ”སྤྱི་དམངས་དང་ཐུག་འཕྲད་བྱེད་པའི་བྱེད་སྒོ་དེ་ཟླ་3པའི་ཟླ་འགོར་མཇུག་འགྲིལ་རྒྱུ་རེད།

    “ཧྥུའུ་པའོ”ནི་2020ལོའི་ཟླ་7ཚེས་20ཉིན་ཧན་གོར་སྐྱེས་པའི་དོམ་ཁྲ་དང་པོ་དེ་ཡིན་པས། “ཧྥུའུ་སྲས་མོ”དང“ཧྥུའུ་ཏུན་ཏུན”སོགས་མིང་སྙན་པོ་མི་ཉུང་བ་ཞིག་བཏགས་ཡོད།

    ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་ཟླ་1ཚེས་23ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག “ཧྥུའུ་པའོ”སྐྱེས་ཚུན་ཧན་གོའི་དམངས་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་པ་དང་དེས་ཀྲུང་ཧན་མི་དམངས་ཀྱི་མཛའ་བརྩེ་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པའང་ཐོན་ཡོད་ཅེས་བཤད་པ་རེད། འདི་ལོ“ཧྥུའུ་པའོ”ལོ་བཞིར་སླེབས་ཡོད། སྐབས་དེར་ཕྱོགས་གཉིས་པོའི་མཉམ་ལས་གྲོས་མཐུན་དང་རྒྱུན་སྲོལ་ལ་གཞིགས་ནས“ཧྥུའུ་པའོ”ཀྲུང་གོར་ལོག་རྒྱུ་རེད་ཅེས་བརྗོད་པ་རེད།

    —— ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།