དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ནི་བསྐྱར་སྐྱེས་ནུས་རྒྱུའི་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-26

    འདི་ནི་ཀན་སུའུ་ཞིང་ཆེན་ཨ་ཁེ་སའེ་ཧ་སག་རིགས་རང་སྐྱོང་རྫོང་གི་ཆན་ཝ་ཁྲི་སྟོང་རིམ་པའི་བསྐྱར་སྐྱེས་ནུས་རྒྱུའི་ནུས་མང་ཕན་གསབ་རྟེན་གཞིར་བཟོ་པས་ཤེལ་ལེབ་སྒྲིག་སྦྱོར་བྱེད་བཞིན་པ། རྒྱལ་སྤྱི་ནུས་རྒྱུ་ཧྲུའུ་ཡི་སྙན་ཞུར་གཞིགས་ན། ཀྲུང་གོ་འདི་ཉིད་བསྐྱར་སྐྱེས་ནུས་རྒྱུ་བེད་སྤྱོད་ཁྱབ་ཁོངས་ཀྱི་སྣེ་ཁྲིད་པའི་གནས་བབ་ཏུ་གནས་ཡོད་པ་རེད། རྒྱལ་སྤྱི་ནུས་རྒྱུ་ཧྲུའུ་ཡི་སྙན་ཞུའི་ནང་། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་འབྲེལ་ཡོད་སྡེ་ཚན་གྱིས་ནུས་རྒྱུ་གསར་པའི་ཁྱབ་ཁོངས་ཀྱི་ཁ་གསབ་ཁག་གཅིག་མཚམས་འཇོག་བྱས་མོད། འོན་ཀྱང་རླུང་ནུས་དང་ཉི་ནུས་གློག་ཁང་འཛུགས་སྐྲུན་བྱེད་ཤུགས་སྔར་བཞིན་ཆེན་པོ་ཡོད་པས། སྔོན་དཔག་བྱས་ན་2028ལོར་སླེབས་སྐབས་གོ་ལ་ཧྲིལ་པོར་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་ཚད་ཀྱི་60%ཙམ་ཀྲུང་གོ་ནས་གཏོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། སྙན་ཞུའི་ནང་། སྔོན་དཔག་བྱས་ན་ཀྲུང་གོས་2024ལོར་ཀྲུང་གོས་བཟོས་པའི་2030ལོའི་རླུང་ནུས་དང་ཉི་ནུས་ཀྱི་གློག་གཏོང་དམིགས་ཚད་མངོན་འགྱུར་ཐུབ་རྒྱུ་ཡིན་པ་དེ་ཐོག་མའི་འཆར་གཞི་དང་བསྡུར་ན་ལོ་6གིས་སྔ་བ་ཡོད་ཅེས་བསྟན་ཡོད་པ་རེད། སྙན་ཞུའི་ནང་ད་དུང་ཀྲུང་གོས་གོ་ལ་ཧྲིལ་པོར་བསྐྱར་སྐྱེས་ནུས་རྒྱུ་ལྡབ་གཉིས་འཕར་བའི་དམིགས་ཚད་མངོན་འགྱུར་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

     —— ཨུ་རུ་སུའི་སྲུང་སྐར་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།