དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རང་འགུལ་རླངས་འཁོར་འཕེལ་རྒྱས་མྱུར་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-26

    འདི་ནི་ཁྲུང་ཆིང་མཐོ་གསར་ཁུལ་གྱི་ནུབ་རྒྱུད་ཚན་རིག་གྲོང་དུ་རང་འགུལ་སྤྱི་སྤྱོད་རླངས་འཁོར་ཚོད་ལྟའི་ལམ་དུམ་དུ་སྐྱོད་བཞིན་པ།

    ད་ཆ། ཀྲུང་གོའི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ལ་གཞན་དང་མི་འདྲ་བའི་རྒྱུ་རྐྱེན་ཞིག་ཡོད་པའི་ཐོག་ནས་གོ་ལ་ཧྲིལ་པོའི་ཁས་ལེན་ཐོབ་ཡོད་པ་སྟེ། དེ་གར་འཛམ་གླིང་ཐོག་གི་རང་འགུལ་རླངས་འཁོར་རུ་ཁག་ཆེ་ཤོས་དེ་ཡོད། ཝུའུ་ཧན་འདི་ཉིད་འགག་རྩའི་ཚོད་ལྟའི་ལྟེ་གནས་ཤིག་ཏུ་འགྱུར་བཞིན་ཡོད་ཅིང་། ཀྲུང་གོའི་རང་འགུལ་རླངས་འཁོར་གྱི་གསར་དར་ལག་རྩལ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན། ལྟ་འདོམས་ཁོར་ཡུག་བཅས་ལ་ཚོད་ལྟ་བྱེད་ཀྱི་ཡོད། ཝུའུ་ཧན་ཕུད། འབེལ་འདུ་དང་། ཞའོ་མཱ་ཀྲི་ཤིང་། ཨན་ཐུའུ་སོགས་ཚུད་པའི་ཁེ་ལས་ཚང་མས་ས་གནས་ཁག་གི་གྲོང་ཁྱེར་དུ་ཚོད་ལྟ་ཁུལ་རབ་དང་རིམ་པ་བཙུགས་ཡོད། ཀྲུང་གོའི་གློག་སྒུལ་རླངས་འཁོར་གསར་སྤེལ་གྱི་ཚོང་པ་མང་པོ་ཞིག་གིས་ཀྱང་སྔོན་ཐོན་གྱི་གཞོགས་འདེགས་འཁོར་གཏོང་མ་ལག་གསར་སྤེལ་གྱི་ནང་ཁུལ་ཚོགས་པ་བཙུགས་ཡོད།

    རང་འགུལ་རླངས་འཁོར་གྱི་ཚོང་སྤྱོད་ཚོད་ལྟའི་གཞི་ཁྱོན་ཆེ་རུ་ཕྱིན་པ་དེ་ཐོག་ནས་ཀྲུང་གོ“མཚོན་རྟགས་གལ་ཆེན”གྱི་ཕྱོགས་སུ་སྐྱོད་བཞིན་པ་མཚོན་ཡོད། 2027ལོའི་ཡས་མས་སུ་འགག་རྩའི་ལག་རྩལ་གཞི་ཁྱོན་ཆེན་པོས་ཚོང་ལས་ཐད་སྤྱོད་ཐུབ་རྒྱུ་རེད། པེ་ཨེན་ཀུང་སིས་སྔོན་དཔག་བྱས་དོན། རང་འགུལ་རླངས་འཁོར་དང་འབྲེལ་བ་ཡོད་པའི་འགན་འཁྲི་དང་འགན་བཅོལ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་དང་ལེ་ལག་ཚང་བའི་འགྲོ་ལམ་དང་འཕྲིན་གཏོང་རྨང་གཞིའི་སྒྲིག་བཀོད་ཀྱང་2027ལོའི་ཡས་མས་སུ་ལེགས་གྲུབ་ཡོང་གི་ཡོད། ཁེ་ལས་ཀྱིས་གྲོང་ཁྱེར་གྱི་གློག་མིག་དང་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་དང་། ཡོངས་ཁྱབ་ཀྱི་5Gབརྡ་རྟགས་ཁྱབ་རྒྱ། གྲངས་འཛིན་ས་ཁྲ་བཅས་སྤྱོད་ཐུབ་ཅིང་། གྲོང་ཁྱེར་འདི་དག་གི་ལེ་ལག་ཚང་བའི་སྒྲིག་བཀོད་ལས་ཀྲུང་གོའི་རང་འགུལ་རླངས་འཁོར་ལས་རིགས་འཕེལ་རྒྱས་ཀྱི་གདེང་ཚོད་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད།

    —— དབྱིན་ཇིའི《དངུལ་རྩའི་སྐབས་བསྟུན་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།