དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་པིན་གྱི་ཕྱི་རོལ་སྤྱོད་ཆས་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-26

    འདི་ནི་ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་གྱི་སྤྱི་གླིང་དང་སྤྱི་གླིང་ཆུང་ཆུང་ཁག་གཅིག་ཀོང་ཏུང་ཞིང་ཆེན་ཀོང་ཀྲོའུ་གྲོང་ཁྱེར་དུ་བསྐྲུན་ནས་གྲོང་མི་དང་ཡུལ་སྐོར་བ་སྤྲོ་གསེང་བྱེད་པར་སྟབས་བདེ་བསྐྲུན་ཡོད། འདི་ནི་གྲོང་མིས་ཀོང་ཀྲོའུ་ཨེར་ཧྲ་གླིང་ཕྲན་གྱི་ན་ཁའི་སྟེང་གུར་ཕུབ་བཞིན་པ།

    ཀྲུང་གོའི་ཕྱི་རོལ་སྤྱོད་ཆས་ཁྲོམ་ར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། ཀྲུང་གོ་ཨའེ་མེ་བློ་འདྲི་ཀུང་སིའི་གྲངས་གཞི་ལས་མངོན་པར། 2021ལོར་ཀྲུང་གོའི་ཕྱི་རོལ་སྤྲོ་གསེང་དཔལ་འབྱོར་ལྟེ་བའི་ཁྲོམ་རའི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་748ཟིན་པ་དང་2025ལོར་མི་དམངས་ཤོག་སྒོར་དུང་ཕྱུར་2483ཟིན་རེ་ཡོད་པ་རེད།

    རི་པིན་གྱི་Swallowཀུང་སི་དང་ཞུའེ་ནུའོ་པེ་ཁེ་སོགས་ཁེ་ལས་ཀྱིས་ཀྲུང་གོར་ལས་སྒོ་རྒྱ་སྐྱེད་ཧུར་ཐག་བཏང་བ་དང་། ཕྱི་རོལ་སྤྱོད་ཆས་བཟོ་སྐྲུན་ཚོང་པ་ཆེ་གྲས་གཞན་གྱིས་ཀྱང་ཀྲུང་གོའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་གྱི་ཡོད། རི་པིན་གྱི“ཤ་བ་རྟགས་ཅན”ཀུང་སི་ཨ་མ་སྟེ། མུ་ཏིག་ལྕགས་རིགས་ཀུང་སིས་2023ལོའི་ཟླ་7པར་ཧྲང་ཧའེ་གྲོང་འདབས་ཀྱི་ཉོ་སྒྲུབ་ལྟེ་གནས་ཤིག་ཏུ་ཕྱི་རྒྱལ་གྱི་ཚོང་ཁང་དང་པོ་དེ་བཙུགས་ནས་གཙོ་བོ་གུར་དང་རྐང་འཁོར་འཚོང་གི་ཡོད།

    སྤུས་རྟགས་ཆེ་གྲས་ཁག་གིས་ཀྲུང་གོའི་ཕྱི་རོལ་སྤྱོད་ཆས་ཁྲོམ་རར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། རི་པིན་གྱི་ཕྱི་རོལ་སྤྱོད་ཆས་ཁེ་ལས་ཀྱི་འགན་འཁུར་བས་ཀྲུང་གོར་སྤྲོ་གསེང་བྱེད་ས་རིམ་གྱིས་མང་དུ་ཕྱིན་ནས་སྤྲོ་གསེང་རིག་གནས་དར་བའི་སྒང་ཡིན་པ་རེད། འཛད་སྤྱོད་ཚོགས་པ་རིམ་གྱིས་ཆེ་རུ་ཕྱིན་པ་དང་སྦྲགས། ཀྲུང་གོའི་ཕྱི་རོལ་སྤྱོད་ཆས་ཁྲོམ་རར་ཡང་ཚོང་ལས་ཀྱི་གོ་སྐབས་སྔར་བས་མང་བ་ཐོབ་རྒྱུ་རེད་ཅེས་བཤད།

    —— 《རི་པིན་དཔལ་འབྱོར་གསར་འགྱུར》ནས་འབྱོར་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།