དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ས་དམ་དུ་ཇ་རྟའི་གནའ་ལམ་མྱོང་རོལ་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-26

    འདི་ནི་ཡུལ་སྐོར་བས་ཡུན་ནན་ས་དམ་གནའ་གྲོང་དུ་པར་རྒྱག་བཞིན་པ།

    ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཡུན་ནན་ཞིང་ཆེན་ས་དམ་གྲོང་ཁྱེར་ནི་དར་གོས་ལམ་བུ་དང་ཇ་རྟའི་གནའ་ལམ་འབྲེལ་མཚམས་ཀྱི་ལམ་མདོར་གནས་པས་ཚོང་དོན་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད། ད་ཆ་ས་དམ་དུ་སྔར་བཞིན་གནའ་ཉམས་དོད་པའི་ཇ་ཁང་མི་ཉུང་བ་ཞིག་ཡོད་པས། མི་རྣམས་ཀྱིས་གནའ་བོའི་ལག་རྩལ་ལ་བརྟེན་ནས་བཟོས་པའི་ཇའི་བྲོ་བ་མྱོང་ཆོག་གི་ཡོད། ཡུན་ནན་གྱི་ལྷོ་རྒྱུད་ནི་ཚ་ཁུལ་ཡིན་པས་ད་ལྟའང་ལོ་ངོ་སྟོང་གི་རི་སྐྱེས་ཇ་ཤིང་ཡོད། ཇ་ལོ་བཏུས་རྗེས་རླུང་སྐམ་གཏོང་བ་དང་དེ་ནས་སྐྱེ་དངོས་གཞན་དག་དང་བསྲེས་ཏེ་ཁེ་357ཡོད་པའི་ཇ་བག་ཆུང་་བཟོ་གི་ཡོད།

    ལོ་བཅུ་གྲངས་ཉར་ཚགས་བྱེད་ཆོག་པའི་ཕུར་ཇ་ནི་མངར་བསིལ་ལྡན་པའི་ཨ་རག་དང་འདྲ་བར་དུས་ཚོད་ཇི་ཙམ་ཕྱིན་ན་རིན་ཐང་དེ་ཙམ་གྱིས་ཆེ་རུ་འགྲོ་གི་ཡོད། འཛམ་གླིང་ཐོག་ཐུན་མོང་མ་ཡིན་པའི་ཇ་ལོ་དེ་རིགས་དུས་རབས་7པའི་ཐང་རྒྱལ་རབས་དུས་སུ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་དོན་ནི་གནའ་བོའི“ཇ་རྟའི་གནའ་ལམ”ཁོ་ན་ལས་བྱུང་བ་ཞིག་རེད།

    ཚོང་ལམ་དེའི་ཐོག་སྔོན་ཆད་དྲེལ་པ་ཚོས་རྐང་ཐང་མར་ལེ་དབར་སྟོང་གི་འགྲུལ་བཞུད་བྱས་ཏེ་ཡུན་ནན་ནས་བོད་དུ་འགྲོ་བ་དང་དེ་ནས་རྒྱ་གར་བར་ཟླ་8ནས་10བར་འགྲོ་དགོས་ཀྱི་ཡོད་ལ་ལམ་བར་དུ་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། རྩ་ཆེའི་ཇ་ལོ་དེ་དག་འཁྱེར་ནས་བོད་ཀྱི་རྟ་དང་། སེམས་ཅན་གྱི་པགས་པ། ཚྭ། ཀྲུང་ལུགས་སྨན་རྫས་སོགས་དང་བརྗེ་པོ་རྒྱག་གི་ཡོད། ད་ཆ་ས་དམ་ནས་ཡུན་ནན་བྱང་རྒྱུད་ཀྱི་སེམས་ཀྱི་ཉི་ཟླའི་བར་ཆུ་ཚོད་4ལས་འགོར་གྱི་མེད།

    —— ཧྥ་རན་སེའི《བྲག་ཅ་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།