གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གཙོ་བོར་སློབ་གསོ་བཏང་བ།
ཉེ་ཆར། གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས“གཅེས་སྐྱོང་མཉམ་དུ་འགྲོགས། བྱིས་པར་དྲོ་སྐྱིད་སྦྱིན”ཞེས་པ་དང་རིགས་ལྔའི་གཞོན་ནུ་ལོ་ཆུང་གི་ཚོགས་སྤྱི་གཙོ་བོར་སློབ་གསོ་གཏོང་རོགས་བྱེད་པའི་བྱེད་སྒོ་སྤེལ་ནས། ལྷོ་ཁ་གྲོང་ཁྱེར་གྱི་རིགས་ལྔའི་གཞོན་ནུ་ལོ་ཆུང་གཙོ་བོའི་ཁྱིམ་ཚང་ཁག་གཅིག་ལ་འཚམས་འདྲི་བྱས་ཏེ་ཁོང་ཚོར་འཚམས་འདྲིའི་དངོས་པོ་སྤྲད་པ་རེད།
བྱེད་སྒོ་སྤེལ་བས་གུང་གཞོན་སྡེ་ཚོགས་ལྷོ་ཁ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་རིགས་ལྔའི་གཞོན་ནུ་ལོ་ཆུང་གཙོ་བོའི་ཁྱིམ་ཚང་14ལ་རིན་ཐང་སྒོར་8400ལྷག་ཙམ་རི་བའི་འབྲས་དང་། པད་ཁའི་སྣུམ། དཔེ་ཁུག AIརིག་ནུས་སྐད་བརྡའི་གཏམ་རྒྱུད་འཕྲུལ་ཆས་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་དང་འབྲེལ། འབྲེལ་ཡོད་གཞོན་ནུ་ལོ་ཆུང་དང་དེ་བཞིན་ཁོང་ཚོར་ལྟ་སྐྱོང་བྱེད་མཁན་དང་སྤེལ་རེས་གཏིང་ཟབ་བྱས་ནས། གཞོན་ནུ་ལོ་ཆུང་གི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་དང་འཕྲལ་མཁོ་དང་རེ་སྒུག་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།