དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲམ་ཐང་གི་རེ་བ་གསར་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-02-25

    ཁུ་ནུ་རི་བོའི་རི་གཤམ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱི་མུའུ་800ལ་ཉེ་བའི་འོད་ཤུགས་རྟེན་གཞིར་སྔོ་ཐིང་ཐིང་གི་འོད་ཤུགས་ཤེལ་ལེབ་དག་ཡུག་གཅིག་ཏུ་སྦྲེལ་ཞིང་རྒྱང་མི་རིང་བར་ཆགས་པའི་གངས་རི་དང་གཅིག་ལ་གཅིག་རྒྱན་དུ་གནས།

    གོར་མོ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་འཁོར་ལས་གློག་ཚད་91.7%ཟིན་པ་དེ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྡུར་ཚད་དང་གཅིག་མཚུངས་ཡིན་པ་རེད། འཕེལ་རྒྱས་མྱུར་པོ་ཕྱིན་པའི་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་འཁོར་ལས་གློག་ཁུངས་མཐའ་སྣེ་འཕེལ་རྒྱས་མགྱོགས་པོ་ཕྱིན་ཞིང་དེས་ནུས་རྒྱུ་གསར་པའི་འདྲེན་སྤྱོད་ལ་གནོན་ཤུགས་ཅུང་ཆེན་པོ་འཕྲད་ཡོད།

    ད་ཆ་མཚོ་སྔོན་ཞིང་ཆེན་གྱི་གྲུབ་ཆ་རྐྱང་པའི་ནུས་རྒྱུ་གསར་པའི་གྲུབ་ཆའི་གནད་དོན་ལེགས་བཅོས་བྱེད་བཞིན་ཡོད།

    འོད་གློག་རྣམ་གྲངས་ཕུད། གློག་རྫས་འགྱུར་གསོག་ནུས་པའི་རྣམ་གྲངས་ཀྱིས་ཀྱང་ཕན་ནུས་ཆེན་པོ་འདོན་བཞིན་ཡོད།

    གྲང་ཐང་དུ་དགུན་ཁ་ལྷག་པར་གྲང་། ཀྲུང་གོ་ལྗང་མདོག་འཕེལ་རྒྱས་མཚོ་སྔོན་ཡན་ལག་ཀུང་སི་གོར་མོ་ཞིབ་བཤེར་བཟོ་བཅོས་ལྟེ་གནས་ཀྱི་ལག་རྩལ་པ་ཆའོ་ལེང་གིས་བདེ་འཇགས་ཞྭ་མོ་གྱོན་ཏེ་གསོག་ནུས་གླིང་དུ་ཞིབ་བཤེར་ཞིབ་ཚགས་བྱེད་བཞིན་ཡོད། གླིང་དེ་ནི་དོས་སྒམ་དབྱིབས་ཀྱི་གློག་རྫས་ཁང་50ལས་གྲུབ་པ་དང་དེའི་ནང་གློག་རྫས་ཀྱིས་ཁེངས་ཡོད།

    རྒྱང་མི་རིང་བར་བསྐྲུན་ཟིན་ལ་ཉེ་བའི་བཤེར་གཟུགས་ཁུ་བསྡུ་མཁའ་རླུང་གསོག་ནུས་རྣམ་གྲངས་ལས་ཁོང་ཚོ་ནུས་རྒྱུ་གསར་པའི་འདྲེན་སྤྱོད་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། གསོག་ནུས་རྣམ་གྲངས་དེར་ནུས་གོང་གཉིས་བསྡུར་མཐོ་པོ་ཡོད་པ་རེད། གསོག་ནུས་ལག་རྩལ་ཇེ་ལེགས་སུ་འགྲོ་བ་དང་ནུས་རྒྱུ་གསར་པ་སྤྱོད་ཚད་ཇེ་ཡག་ཏུ་འགྲོ་བཞིན་ཡོད་པས། གྲམ་ཐང་དེ་ཉིད་མགྱོགས་མྱུར་ནོར་བུའི་གཞོང་པར་འགྱུར་སྲིད་ཅེས་ཆའོ་ལེང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།